| | e-texts navigator
|
305b1 པོ་འཇམ་དཔལ་གཞོན་ནུ་འོད་སྲུངས་ལ་ཕྱག་འཚལ་ལོ།། ཀྱེ་ཐུགས་རྗེ་ཆེན་པོ་བདག་གིས་སེམས་ཅན་གྱི་དོན་དུ། རྟོགས་པ་མངོན་དུ་གྱུར་པར་བྱ་བའི་ཐབས་བསྟན་དུ་གསོལ། ཅེས་ཞུས་སོ།། ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉན་ཅག། རྫོགས་བཅུ་ངས་གསུམ
305b2 སངས་རྒྱས་ཐམས་ཅད་དང་། སྙིང་པོ་བྱང་ཆུབ་ལ་མངོན་པར་ཞུགས་པར་གནས་སོ།། ཤེས་ཀྱང་གཞི་ཕྱི་མོ་རང་བཞིན་རྣམ་པར་དག་པ་མན་ཤེལ་གྱི་སྐུ་ལྟ་བུ། སྣ་ཚོགས་ཕྱོགས་འཛིན་མེད་པ་རང་གནས་པ། ཆོས་ཐམས་ཅད་ཀྱི་མཐའ་ལ་གནས་པ
305b3 རང་བཞིན་རྟོག་མེད་གསལ་བ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཤེས་བཞིན་དུ་མི་གནས་པ། ཡུལ་ལས་འདས་པ། ཡུལ་མེད་པའི་ཡུལ་སུ་ལུས་འདས་པ། སུ་མེད་པའི་སྐུ། གྲངས་ལས་འདས་པ། གྲངས་མེད་པའི་གྲངས་ཤེས་རབ་ལང
305b4 འདས་པ། ཤེས་རབ་མེད་པའི་ཤེས་རབ། ཡེ་ཤེས་ཁྱབ་གདལ་ཆེན་པོ་སྤུ་རུ་མེད་པའི་ཆོས་ཉིད། དངོས་མེད་ཀྱང་ཆུང་ཆེན་པོ་རང་རིག་བྱང་ཆུབ་སྙིང་པོའི་ཚོགས། མཚོན་པ་མྱ་ངན་ལས་འདས་པ། མཚོན་དུ་མེད་དོ།། ཞེས་པའི་ཚིག་གིས
305b5 མཚན་ཏེ། མཚོན་བྱེད་ཆོས་སུ་བཞག་ནས། སྙིང་པོ་བྱང་ཆུབ་ལ་མངོན་པར་ཞུགས་པར་གནས་སོ།། དེ་ཡང་མཚོན་བྱེད་ཀྱི་རྟོགས་པས་ཤེས་བྱ་ལས་བཞག་ནས། དེའི་སྐུ་མངོན་པར་བསྟེན་པའི་དུས་སུ། རྟོགས་པའི་དོན་མངོན་སུམ
305b6 གཏན་ལ་ཕབ་ནས། ཤེས་བྱ་ལ་ཉམས་པ་མེད་པའི་རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཞེས་བྱའོ།། དེ་ནས་བྱང་ཆུབ་སེམས་དཔས་དོན་ངེས་པ་རྙེད་ནས། བཅོམ་ལྡན་འདས་ཀྱི་ཞལ་མངོན་སུམ་གཟིགས་ཏེ། མཛོད་པང་ཁྱེར་ནས་རྒྱུད་དག་པའི་རྡོ
305b7 རྗེ་འཆིང་ཆེན་པོ་དང་། གཉིས་སུ་མེད་པར་མྱ་ངན་འདས་སོ།། ཞེས་བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་མཐའི་མུན་སེལ་གྱི་རྒྱུད་ལས། རྗེས་སུ་འཇུག་པའི་བྱང་ཆུབ་སེམས་དཔའ་རྟོགས་པ་མངོན་དུ་གྱུར་པར་བསྟན་པའི་ལེའུ་སྟེ་བཞི་པའོ།།
iiif viewer powered by OpenSeadragon
305a - 306a