e-texts navigator
Collection
Volume
Page
Wylie

305a1 རྡོ་དྷ་ཏིང་འཛིན་ཐོག།། མི་གནས་པ་ཤེས་པདག་མེད་མྱ་ངན་འདས།། འབྲས་བུ་སྒྲ་གཉིས་མི་སྣང་མཐུར་གྱེན་ན།། འཛིན་ནས་ལམ་གནས་མྱ་ངན་འདུས།། རྣམ་ཚུལ་ནག་མེད་པཔ
305a2 དབྱིང་མེ་བེམ།། འདུ་འབྲལ་མེད་མས་ཁྱོད་དག་ནས། བདག་མེད་ཆེན་པ་ཊྚཱ་མྀ་ཐཱ་བས། བད་བ་རྐྱེན་ཐལ་མི་བ་ཥྚྲཱིཿ།། སྔགས་མལ་རྒྱན་མཔ་རྐྱེན་ཀྱི་མ་རྫོགས།། གཟུགས་སྐྱེ་བཉིས
305a3 མཐའ་ལས་འདས།། ཞེས་གསུངས་སོ།། ཀྱེ་རྡོ་རྗེ་སམས་དཔའ་ཉོན་ཅིག། ངས་མ་འོངས་པའི་སྔོན་རོས་ནས། གྲཝཞི་སྣང་ཆེན་པོར་དེ་ལྟར་གནས་སོ།། རང་བྱུང་དུ་བླང་བའི་དུས་སུ་དེ་སྐ་ངས་ཤེས་སོ།། མྱ་ངན་ལས་འདས་པའི་འགྲོཏ། དེ་བཞིན
305a4 གཤེགས་པོ་ཐམས་ཅད་ལ་དེ་ལྟར་སྣང་གིས། རིགས་ཀྱི་བུ་དེ་བཞིན་དུ་དེ་ལྟར་བྱོས་ཤིག། ཅེས་གདམས་ནས། དབུའི་ཐོར་གཙུག་དང་། མཛོད་སྒྲའི་བུ་ག་དང་། ཤངས་ཀྱི་རླུང་སྦོམ་དང་། ལྗགས་ཀྱི་པད་མོ་དང་། ཐུགས་ཀྱི་དཔལ་བེའུ་དང་།
305a5 དང་ཞབས་ཀྱི་མཐིལ་རྣམས་དང་། བསྟིའི་བུ་གནས། འོད་ཟེར་བྱ་བ་དྲུག་སྟོང་གྱུར་ནས། དེ་བཞིན་གཤེགས་པའི་སྲུ་བསྡམ་གྱིས་མི་ཁྱབ་པ་འཛིན་ཏེ། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། ཞེས་བཀའ་སྩལ་ནུས། རི་མོ་རི་འབར་བའི་ཙམ་ལ
305a6 མོ་འོད་ཟེར་ཅན་གྱི་ཀློང་དུ་མྱ་ངན་ལས་འདས་སོ།། དེ་དང་གཉིས་སུ་མེད་པར་སངས་རྒྱས་སོ།། ཞེས་བྱང་ཆུབ་སེམས་རྨ་བྱ་མཇིང་བསྐོལ་མཐའི་མུན་སེལ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་སྔོན་དུ་གྱུར་པའི་རྫོགས་པའི་སངས་རྒྱས་པར་བསྟན་པའི་ལེའུ་སྟེ
305a7 གསུམ་པའོ།། ། དེ་ནས་རྗེས་སུ་འཇུག་པའི་བྱང་ཆུབ་སེམས་དཔའ་ཆེན་པོས། ཀྱེ་ཀྱེ། མཁྱེན་རབ་ཀྱི་བདག་པོ། དེ་ལྟར་མཁྱེན་པ་མངའ་བ། མཁྱེན་པ་གཟིགས་པ། མཁྱེན་པ་ཐབས་དང་ལྡན་པ། མཁྱེན་རབ་ཀྱི་བདག




iiif viewer powered by OpenSeadragon

304b - 305b

Texts on this page

Gdg025.25 - byang chub sems rma bya mjing bsnol gyi rgyud las/ mtha'i mun sel chen po