e-texts navigator
Collection
Volume
Page
Wylie

304b1 མུན་སེལ་གྱི་རྒྱུད་ལས། རང་བྱུང་ག་ཡ་ཤེས་ཤང་བའི་ལེའུ་ས་གཉིས་པ་འོ།། ། མངོན་དུ་རྟོགས་པའི་སངས་རྫུས་རང་བྱུང་གི་ཡེ་ཤེས། ཡེ་ཤེས་ཆེན་པོ་ལ་ཕྱག་འཚལ་ལོ།། དངོས་དག་དངོས་མད་དང་བྱུང་བད་བ་ཆེན་པོ་འདི།
304b2 སྐྱེ་བ་མེད་པས་སྐྱེ་སྡང་ཚུལ།། རྩེ་སྣང་ཉིད་ནི་ཀྱེ་འགག་མེད།། འགག་མེད་རྣམ་དག་ཡེ་ཤེས་སུ།། དང་པོར་སྐྱེ་བར་བྱེད་པའི་གཞི།། དངོས་མེད་མི་གནས་མྱ་ངན་འདས།། སངས་རྒྱས་ཀུན་གྱི་མྱ་ངན་འདས།། སངས་རྒྱས་ཀུན་གྱི་འབྱུང་གནས
304b3 ཏེ།། རང་བྱུང་ཡེ་ཤེས་རྟོག་མེད་གསལ།། གཟུགས་སུ་མཉམ་པ་མ་འདྲེས་པས།། ནམ་མཁའི་རི་མོའི་ཚུལ་དུ་སྣང་།། སྣང་མེད་ཡེ་ཤེས་གསལ་བ་སྟེ།། བརྗོད་མེད་སྤོས་བྲལ་ཀློང་དུ་ཤར།། རྒྱུ་རྐྱེན་རྟོག་མེད་ཡེ་ཤེས་ཀཱ་ས་ལ།
304b4 དེ་ལས་འཁྲུལ་པའི་རྐྱེན་བཞི་ཤར།། མ་རིག་བདག་ཏུ་རྟོག་པའི་བློས།། ནམ་མཁའ་སྤྲིན་གྱི་ཚུལ་བཞིན་དུ།། ཐུན་མོང་འཁྲུལ་པའི་སྣང་བ་ཤར།། སྐྱེ་བ་མེད་ལས་བཞིར་སྡང་ཚུལ།། རང་བྱུང་ཡེ་ཤེས་བདག་མེད་སྐུ། ཉི་མའི་སྙིང་པོ
304b5 བཞིན་དུ་གསལ།། པདྨ་ཁ་འབུའི་ཚུལ་བཞིན་དུ།། རང་བྱུང་ལྕེ་ཤེས་རང་གསལ་བས།། ཐོག་མའི་སངས་རྒྱས་ཉག་གཅིག་སྐྱེ།། རྡོ་རྗེ་སེམས་དཔའ་སུ་གསུམ་རྫོགས།། ཨུ་དུམ་ཝཱ་རའི་མེ་ཏོག་ལས།། སྙིང་པོ་རང་བྱུང་གཟུང
304b6 སྠཱ་ཤ་རཾ།། ཆོས་ཉིད་དྲུག་པའི་སྣང་བ་ལ།། རིང་བྱུང་གཟུགས་སྒྱུའི་དྨོ་བསལ་བ།། རྡོ་རྗེ་སེམས་དཔའ་བདག་ཉིད་ཅང་།། སྐད་ཅིག་དེ་ལས་མངོན་སངས་རྒྱས།། མཐོང་མ་མྱོང་བའི་ཡུལ་མཐོང་བས།། ཆོས་ཉིད་མ་དང་ཟང་པ
304b7 ཡིནས།། ལེན་མ་མྱོང་བའི་ལུས་བླངས་པས།། ཡེ་ཤེས་རང་ས་ཟིན་པ་ཡིན།། ཤེས་མ་མྱོང་བའི་གཏམ་ཤེས་པས།། རང་བང་མངོན་དུ་གྱུར་པ་ཡིན།། རྒྱུ་ལུས་སྒྱུ་མའི་སྦྲུལ་ཐིམ།། སྦུབས་མ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།




iiif viewer powered by OpenSeadragon

304a - 305a

Texts on this page

Gdg025.24 - rdo rje sems dpa' nam mkha' che rgyas pa zhes bya ba rnal 'byor pa'i rgyud