e-texts navigator
Collection
Volume
Page
Wylie

304a1 སེམས་དཔའ་སངས་རྒྱས་ཀུན་གྱི་དངོས།། རང་བྱུང་དབྱིངས་ཀྱི་ཕོ་བྲང་གཞལ་ཡས་ན།། ཐུགས་རྗེའི་སྦྲུལ་སུ་སངས་རྒྱས་རྣམ་པ་ལྔ།། བྱམས་པའི་ཆོས་སྟོན་སངས་རྒྱས་རྣམ་པ་བཞི།། རང་བཞིན་ལྷུན་གྱིས་གྲུབ་པ
304a2 སྟེ།། འགྲོ་བ་རྣམས་ལ་སྦྲུལ་སྐུར་འཐོན།། ཐུགས་ཀྱི་དཔལ་བེའུ་ཡིད་བཞིན་ཟུར་བརྒྱད་ནས།། སངས་རྒྱས་བྱམས་པ་མི་མཉམ་མགོན་པོ་རང་བྱུང་སྐུ།། དབུ་ཡི་གཙུག་ཏོར་འཁོར་ལོ་རྩི་བས་བརྒྱད་ནས།། སངས་རྒྱས་འཇམ་དཔལ་དྲི་མེད་སྙིང་པོ་རང་བྱུང་རྩཝ།
304a3 མཛོད་ཀྱུའི་བྱུ་ག་ཡེ་ཤེས་གསང་ལམ་ནས།། སངས་རྒྱས་བདེ་ལྡན་མགྲོན་པོ་ལྷུན་གཟིགས་རང་བྱུང་སྐུ།། ཤངས་ཀྱི་རླུང་སྦོ་མ་གསུང་གི་བརྡའ་སྒོ་ནས།། སངས་རྒྱས་ཕྱག་ན་རྡོ་རྗེ་རང་བྱུང་སྟེ།། ལྗགས་ཀྱི་པད་མོ་འདབ་བརྗིད་གེ་སར་ནས།། སངས་རྒྱས།
304a4 བྱེ་བ་རྣམ་གཟིགས་མཁྱེན་པར་དབྱུང་སྐུ།། ཕྱག་གཡས་འཁོར་ལོ་རིན་ཆེན་ཟུར་བརྒྱད་ནས།། སངས་རྒྱས་གཙུག་ཏོར་དྲི་མེད་རང་སངས་རྒྱས།། ཕྱག་གཡོན་པདྨ་འདབ་བརྒྱད་གེ་སར་ནས།། སངས་རྒྱས་བྱམས་པ་ཀུན་གཟིགས་རང་བྱུང་སྐུ།། ཞབས
304a5 གཡས་རྡོ་རྗེ་རྒྱ་གྲམ་གདན་སྟེང་ནས།། སངས་རྒྱས་ཀུན་ཏུ་བཟང་པོ་རང་བྱུང་སྐུ།། ཞབས་གཡོན་ཨུཏྤལ་གདམས་པའི་གདན་སྟེང་ནས།། འཕགས་པ་ཀུན་ཏུ་བཟང་པོ་རང་བྱུང་སྐུ།། རྟོགས་པའི་ཡེ་ཤེས་ཆོས་ལ་དབང་བསྐུར་བས།། རང་བྱུང
304a6 ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཡིན།། སྡོང་པོ་ཡལ་ག་མེ་ཏོག་འབྲས་བུའི་ཚུལ།། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས།། ཐུགས་རྗེ་སྤྲུལ་སུ་ཤེས་རབ་རང་བྱུང་སུ།། བྱམས་པའི་ཆོས་སྐྱོན་གང་ཡང་ཅིས་འདུལ་བ།། མོས་པ་རྒྱན་གྱི་དེ
304a7 འཁོར་ཆེན་པོ་ཡིན།། བདག་ཉིད་ཆེན་པོ་རྡོ་རྗེ་སེམས་དཔའི་སྐུ།། སྐུ་གཅིག་ཀུན་ཏུ་ཁྱབ་པས་ཉག་གཅིག་ཀུན་ཏུ་ཐགས།། ཞེས་རྡོ་རྗེ་སེམས་དཔའ་ལ་ཐུགས་རྗེ་རང་བྱུང་དུ་ཤར་བར་བསྟན་པའོ།། ཞེས་བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་མཐའི




iiif viewer powered by OpenSeadragon

303b - 304b

Texts on this page

Gdg025.24 - rdo rje sems dpa' nam mkha' che rgyas pa zhes bya ba rnal 'byor pa'i rgyud