e-texts navigator
Collection
Volume
Page
Wylie

285b1 ལགས་ས་མཐ་དད་ལགས།། ཆོས་ཅན་མཚན་མར་འཛིན་པ་དང་།། ཆོས་ཉིད་དོན་གྱི་ངོ་བོ་གཉིས།། གཅིག་པ་ལགས་ས་མ་ཐ་དད་ལགས།། ཁམས་གསུམ་འཁོར་བའི་སེམས་ཅན་དང་།། དུས་གསུམ་བཞུགས་པའི་སངས་རྒྱས་གཉིས།
285b2 གཅིག་པ་ལགས་ས་མ་ཐ་དད་ལགས།། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ། བས་མ་དབང་འཁྲུལ་བའི་ཕྱོགས་ནས་མི་གཅིག་ཐ་དང་ཀྱང་།། གཉིས་མེད་དངོས་དབང་ཕྱོགས་སུ་ཁས་ཅད་དབྱེད
285b3 མེད་གཅིག། ཅེས་གསུངས་སོ།། ཡང་གསོལ་པ། ཀྱེ་ན་མ་མཁའི་དགོངས་པ་ཉིད་ཇི་ལྟར་ལགས། བྱང་ཆུབ་སེམས་ཀྱི་བཞུགས་ཚུལ་ནི། གསུང་བའི་བདུག་བྲོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ། དབང
285b4 པོའི་རོལ་གང་གསལ་པ།། རང་གསལ་དེ་ལ་མ་རྟོགས་པ།། དེ་བཞིན་ནམ་མཁའི་དགོངས་པར་བཤད།། ཡུལ་དང་དབང་པོ་མི་འབྱེད་ཅིང་།། ཆོས་ཉིད་དོ་ཡིས་མི་འཛིན་ན།། དེ་བཞིན་ནམ་མཁའི་དགོངས་པར་བཤད།། རིག་པ་ནང
285b5 ནས་མིགཡོ་ཞིང་།། དེ་བཞིན་ནང་དུ་མི་ཅོལ་ན།། དེ་ནི་ནམ་མཁའི་དགོངས་པར་བཤད།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། བྱང་ཆུབ་སེམས་སུ་ཞུག་ཙམ་ན།། ཐམས་ཅད་འབྱུང་བའི་བདག་ཉིད་བུ།། ཆོས་རྣམས་ཀུན་གྱི་སྙིང་པོར་བཞུས།
285b6 ཆོས་ཀྱི་སཱ་རྦ་བཞུགས་ཙམ་ན།། གཟུང་འཛིན་གཉིས་དང་བྲལ་བར་བཞུགས།། ལོངས་སྟོང་རྫོགས་སྲུར་བཞུགས་ཙམ་ན།། འདོད་པའི་ཕུན་སུམ་ཚོགས་པར་བཞུགས།། སྤྲུལ་པའི་སྐུ་རུ་བཞུགས་ཙམན།། གང་ལ་གང་དགོས་དེ་སཱ་ལ།
285b7 ཞེས།། དགོངས་པ་ཕུན་སུམ་ཚོགས་པར་བཞུགས།། རང་བྱུང་ཡེ་ཤེས་བཞུགས་ཙམན།། གང་ཡང་ཆགས་པ་མེད་པར་བཞུགས།། གསལ་ལགསན་རྟོག། མེད་པར་བཞུགས།། འཁྲུལ་པའི་སྒོ་བཞུགས་ཙམ་ན།




iiif viewer powered by OpenSeadragon

285a - 286a

Texts on this page

Gdg025.23 - man ngag thams cad kyi sdom