| | e-texts navigator
|
284b1 རྟོགས།། བསམ་དབང་ཕྱོགས་ནུས་མ་འདྲེས་པ།། དངོས་དབང་ཕྱོགས་ནས་ཡོངས་སུ་རྫོགས།། འཁྲུལ་དབང་ཕྱོག་ནས་མ་འདྲེས་པ།། གཉིས་མེད་ཕྱོགས་སུ་ཡོངས་སུ་རྫོགས།། བརྒྱད་ཀྱི་ལྟ་སྦྱོང་མ་འདྲེས་པ།། ཨུ་ཏི་པོ་གར་ཡོངས་སུ་རྫོག་དུ
284b2 ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། སྐྱེ་བཅིངས་རྒྱལ་པོ་ཞེས་བགྱི་བ།། དེ་དོན་བདག་ལ་བསྟན་དུ་གསོལ། གསང་བའི་བདག་པོས་གསུངས་པ།། ལམ་གྱི་སྤྲི་ནི་གྲོངས་ཀྱིས་བཅིངས།། ཆུ་བ་ན་སྤྲིན་རྒྱ་མཆོས་བཅིངས།
284b3 བདུན་སྤྲི་ནི་རི་བོས་བཅིངས།། འབྱུང་བཞིའི་སྤྲི་ནི་ནམ་མཁས་བཅིངས།། ཐེག་པའི་སྤྲི་ནི་ཨ་ཏིས་བཅིངས།། སུ་གསུམ་སྦྱི་ནི་གསང་ཆེན་སྐྲ་ཡིས་བཅིངས།། ཡེ་ཤེས་ཀུན་གྱི་སྟི་དག་ནི།། རང་བྱུང་ཡེ་ཤེས་ཆེན་པོས་བཙོངས།། སྡང་སྲིང་ཆོ
284b4 སྤྲི་དག་ནི།། ཆོས་ཉིད་བྱང་ཆུབ་སེམས་ཀྱིས་བཅིངས།། ཞེས་གསུངས་སོ།། ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། གང་ཟག་དག་གི་བསམ་དབང་དང་།། ཆོས་ཉིད་དག་གི་དངོས་དབང་གཉིས།། དེ་དོན་བདག་ལ་བསྟན་དུ
284b5 གསོལ།། ། གསང་བའི་བདག་པོས་ཡང་གསུངས་པ།། བཏགས་པ་ཐམས་ཅད་བློ་ཡིས་བཏགས།། གཟུང་བ་ཐམས་ཅད་བློ་ཡིས་བཟུང་།། ཕྱེ་བ་ཐམས་ཅད་བློ་ཡིས་ཕྱེ།། བརྗོད་པ་ཐམས་ཅད་བློ་ཡིས་བརྗོད།། སྣང་བ་ཐམས་ཅད་བློ་ལ་སྡང་།། ཐུབ
284b6 པ་ཐམས་ཅད་ཀྲོལ་གྲུབ།། དངོས་དབང་དེ་ལས་ཟློག་པའོ།། རེ་ཞིག་གྲོལ་བསྒོ། མ་བྱན།། ཡིན་ཚུལ་ངེས་པ་མེད་པའི་ཕྱིར།། སྣང་ཚུལ་ཅིར་ཡང་སྡང་བ་ཡིན།། ཆུ་ཆད་ཕྱོགས་སྤྱང་མེད་པ་ཡིན།། མ་འདྲེས་ཡོངས་སུ་རྫོགས་པ་ཡིན།། ང་འཐལ་གྱིམ
284b7 སློང་བ་ཡིན།། ལྡན་ལྡོག་གཉིས་དང་བཅས་པ་ཡིན།། དེ་ལ་དབྱེ་བ་མེད་པ་ཡིན།། སྒོ་སྲུར་ཀུན་དང་བྲལ་བ་ཡིན།། ཞེས་གསུངས་སོ།། ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཕྱོགས་ཆ་ཅན་གྱི་ལྟ་བ་ལ།། དེ་ལ་བསྟན་པར།
iiif viewer powered by OpenSeadragon
284a - 285a