| | e-texts navigator
|
284a1 ལེ་སྟག་གཅིག་ཆོས་ཀྱི་སུ།། བྱིན་རླབས་ཡིད་བཞིན་ནོར་བུའི་ཚུལ།། དེ་ནས་སེམས་དཔའ་རྡོ་རྗེ་ས་གསང་བའི་བདག་པོ་ལ་འདིས་ཅེས་གསོལ་ཏོ།། སྟེ་གསང་བའི་བདག་པོ་ལགས།། རྫོགས་དྲ་རྣན་པ
284a2 ངེས་ཚིག་ཇི་ལྟར་ལགས།། དེ་ལ་བླང་དོར་ཡོད་དམ་མེད།། གསང་བའི་བདག་པོས་གསུངས་པ།། ཇི་ལྟར་ནམ་མཁའི་མཚན་ཉིད་དུ།། སྣང་ཉིད་མ་བཀག་ཤོང་བ་ལྟར།། རྫོགས་པ་ཆེན་པོའི་མཚན་ཉིད་དུ།། མེད་པའི་ཆོས
284a3 ཆོས།། དེ་བཞིན་སྲིད་དང་མི་སྲིད་པ།། སངས་རྒྱས་སེམས་ཅན་བདེ་སྡུག་བསྔལ།། བཟང་ངན་ཆེ་ཆུང་སྔོན་ཡོན་ཏན།། ལྷག་མ་མེད་པར་ཡོངས་རྫོགས་པས།། དེ་ཕྱིར་དེ་ལ་རྫོགས་ཞེས་བྱ།། རི་པོ་ཆེ་ཡི་གསེར་གླིང་དུ།། ཐམས་ཅ་གས
284a4 ལས་མེད་པའི་ཕྱིར།། དོར་དུ་རུང་བ་ཡོད་མ་ཡིན།། རྫོགས་པ་ཆེན་པོའི་ཆོས་ཉིད་ལ།། སྤང་བ་གང་ཡང་མེད་པའི་ཕྱིར།། དོར་དུ་རུང་བ་ཡོད་མ་ཡིན།། གཉིས་མེད་ཡེ་ཤེས་ཁོ་ན་ལ།། མཚན་མཆི་ཡང་མི་སྣང་ཕྱིར།། བླང་དུ་དྲང་བ་ཡོད་མ་ཡིན།།
284a5 ཅེས་གསུངས་སོ།། ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། མ་འདྲེས་ཡོངས་སུ་རྫོགས་ཞེས་བྱ།། དེ་དོན་བདག་ལ་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ། མཁའ་ལ་གཟུགས་སོགས་མ་འདྲེས་པ།།
284a6 ནང་ཕྱོགས་སུ་ཡོངས་སུ་རྫོགས།། འཐུང་བ་རྣམ་པའི་མ་འཛེས་པ།། ནམ་མཁའི་ངང་དུ་ཡོངས་སུ་རྟོགས།། སྣ་ཚོགས་དང་སྔ་མ་འདྲེས་པ།། ཟ་འོག་སུམ་ཐུར་ཡོངས་སུ་རྫོགས།། ཚོན་རྩི་རྣམ་ལྡམ་འདྲེས་པ།། དཀྱིལ་འཁོར་ཆེན་པ
284a7 ཡོངས་སུ་རྫོགས།། རིན་ཆེན་སྣ་བཞི་མ་འདྲེས་པ།། རི་བོ་མཆོག་རབ་ཡོངས་སུ་རྫོགས།། ཀུན་རྫོབ་ཕྱོགས་ནས་མི་འདྲེས་པ།། དོན་དམ་ཕྱོགས་སུ་ཕོངས་སུ་རྫོགས།། ཆོས་ཅན་ཕྱོགས་ནས་མ་འདྲེས་པ།། ཆོས་ཉིད་ཕྱོགས་སུ་ཡོངས་སུ
iiif viewer powered by OpenSeadragon
283b - 284b