| | e-texts navigator
|
283b1 བོ་དབྱེར་མེད་གཅིག། དཔེར་ན་རས་སྔ་མ་ཡུག་གཅིག་ལ།། ཚོན་གྱི་གྱེན་གྱིས་སོ་སོར་སྣང་།། སྣང་ཡང་རས་སུ་དབྱེར་མེད་གཅིག། དེ་བཞིན་ཆོས་ཀྱི་རྒྱུ་གཅིག་ལ།། དབང་པོ་བྱིན་གྱིས་སོ་སོར་སྣང་།། ཆོས་དེ་ངོ་བོར་དབྱེར་མེད་གཅིག། ཤེལ
283b2 དག་གི་དྲུང་དག་ཏུ།། ཁ་དོག་སྣ་ཚོགས་རས་བཞག་པས།། གང་བཞག་རྐྱེན་གྱིས་དེ་ལྟར་སྡང་།། སྣང་ཡང་ཤེལ་ལ་འགྱུར་བ་མེད།། དེ་བཞིན་སེམས་ཉིད་རྒྱུད་གཅིག་ལ།། འགྲོ་བ་རིགས་དྲུག་སོ་སོ་ནས།། ལས་བག་རྐྱེན་གྱིས་སོ་སོར་སྣང་།། ཆོས་ཉིད
283b3 ང་ལས་འགྱུར་བ་མེད།། རྒྱུ་ཉིད་གསེར་དུ་གཅིག་པ་ལ།། བཟོ་ཡི་ལས་ཀྱིས་བསྒྱུར་བྱས་ཏེ།། སྲུ་གཟུགས་ཆེན་པོ་བྱས་པའི་ཚེ།། གསེར་ཡང་བཟོ་ཡི་རྫས་སུ་སྣང་།། ཆོལ་ཟངས་དྲི་སྣོད་བྱས་པའི་ཚེ།། གསེར་ཡང་ངན་པའི་རྫས་སུ་སྣང་།། དེ་བཞིན་པོས
283b4 ཉིད་རྒྱུ་གཅིག་ལ།། འཁྲུལ་པ་ཅན་གྱིས་བཏགས་ཙམ་ན།། ཡུལ་ཡང་མ་དག་འཇིག་རྟེན་ཁམས།། ངམ་གྲོག་གཡང་ས་ལུང་ཁུང་རྣམས།། ཡེ་ཤེས་ཅན་གྱི་ཁ་ལ།། ཡུལ་གྱི་ཞིང་ཁམས་རྣམ་དག་སྟེ།། བདེ་བ་ཅན་གྱི་ཡུལ་དུ་སྣང་།། གཉིས་མེད
283b5 ཡེ་ཤེས་སྤོ་བ་ལ།། སྣང་དང་མི་སྣང་གཉིས་སུ་མེད།། སྨན་དང་དུག་ཏུ་གཅིག་པ་ལ།། ལ་ལའི་སྨན་ཡང་ལ་ལའི་དྲུག། ཧ་ལ་ནག་པོའི་དྲུག་དག་ཀྱང་།། ཐབས་མཁས་བཟའ་ལེགས་སྔན་གྱི་མཆོད།། སྨན་པའི་རྒྱལ་པོ་བཅུད་ལེན་ཡང་།། ཐབས་མ
283b6 མཁས་ཤིང་བཟའ་ཉེས་ན།། ཧ་ལ་ནག་པོའི་དུག་དང་མཚུངས།། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་།། བསྐྱེད་པ་མེད་པའི་ཡེ་ཤེས་ཡིན།། རང་བྱུང་ཡི་ཤེས་ཆེན་པོ་ཡང་།། རྣམ་རྟོག་རླུང་གིས་བསྤྱོད་ཙམ་ན།། འདོད་ཆགས་ཞེ་སྡང་གཏི་མུག་ཡིན
283b7 ས་འོག་གནས་པའི་གསེར་དག་ཀྱང་།། བདག་པོ་མེད་ན་རྡོ་དང་འདྲ།། དགོས་པ་ཅི་ཡིང་ཆེ་རྒྱུ་མེད།། ཀུན་ལ་ཡོད་པའི་བྱང་ཆུབ་སེམས།། ཡེ་ཤེས་མེད་ན་འཁྲུལ་པ་ཡིན།། དགོས་པ་ཅི་ཡང་ཆེ་རྒྱུ་མེད།། མིགཡོ་ཡེ་ཤེས་ལྡན་གྱུར་ན།། ཇིག
iiif viewer powered by OpenSeadragon
283a - 284a