e-texts navigator
Collection
Volume
Page
Wylie

27b1 རྒྱ་བ་ཡིན་ནོ།། སྐུལ་གཉིས་ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་པ་དང་སངས་རྒྱའ།། ཁྲ་བའི་བུ་བྱུང་ན་ཞག་ལྡནས་སངས་རྒྱར།། དེ་བཞིན་དུ་འདྲ་དང་། སྒྲ་དང་། གདུང་དང་། སུ་འབྱུང་ར།། ཞེས་གསུངས་སོ།། བསྟན་པ་ཐམས་ཅད་ཏུ་ཟུག
27b2 བུའི་ཆུང་ལས། མངོན་རྟགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུསསོ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་།། སྲ་ཡི་གནས་ལུགས་གསུང་དུགསལ།། ཅེས་ཞུས་སོ།། དེ་ནས
27b3 ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཞུ་བ་ལེགས་སོ།། རང་གི་སྙིང་གི་ནང་ན་དབུས་རྣམ་པར་སྣང་མཛད་སུ་མདོག་མཐིང་གཱ་ཡབ་སུམ་འཁོར་དང་བཅས་པ་འོད་ལྔའི་དཀྱིལ་ན་ཡོད་དོ།། རང་གི་སྙིང་གི་ཤར་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འཁོར་བཅས
27b4 བཞུགས་སོ།། རང་གི་སྙིང་གི་ལྷོན་རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ།། རང་གི་སྙིང་གི་ནང་ནུབ་ན་སྣང་བ་ཐའ་ཡས་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ།། རང་གི་སྙིང་གི་བྱང་ན་དོན་ཡོད་གྲུབ་པ་ཡང་ཡུབ་འཁོར་དང་བཅས་པ་བཅུ
27b5 སོ།། རང་གི་གྲད་པའི་ནང་ཐམས་ཅད་ཁྲོ་བོའི་སྲུས་ཁེངས་ནས་ཡོད་དོ།། རང་གི་རག་པ་མ་འགགས་པར་གསལ་བ་འདིའི་ཆོས་ཀྱི་སྒྲ་ཡིན་ནོ།། སངས་རྒྱས་རྒྱལ་བ་རིགས་ལྔ་རང་གི་སྙིང་གི་ནང་ན་བཞུགས་སོ།། ལོངས་སུ་ཡིན་ནོ།། རང་དེ་གླང་བདུ་ཁར་དག
27b6 པའི་ནང་ན་བཞུགས་པ་དེ་སྤྲུལ་པའི་ལྷ་ཡིན་ནོ།། རང་གི་ཀླད་པའི་ནང་གི་དབུས་ན་འོད་ཁ་དོག་ལྷ་ཡོད་དོ།། འོད་ཝའི་ནང་ན་སངས་རྒྱས་ཀྱི་སྐུ་བཞུགས་སོ།། རང་གི་གཟུངས་པའི་ནང་ན་སངས་ཀྱིས་ཀྱི་སྐུ་རུ་བཞུགས་སོ།། རང་གི་ལུས་རྩའི་དྲ་བར་ཡོད་དེ།
27b7 ནང་ན་སངས་རྒྱས་ཀྱི་གྲོང་ཁྱེར་ཡོད་དོ།། དེ་ཐམས་ཅད་སངས་རྒྱས་ཀྱི་སྐུས་ཁེངས་ནས་ཡོད་དོ།། འོད་ལྔ་སངས་རྒྱས་ཀྱི་ཞིང་ལུས་སུ་ཤེས་སངས་རྒྱའོ།། ཁྲུག་པ་ལྔ་ཤེས་ན་དབུགས་མ་ཆད་པ་ལ་སངས་རྒྱའོ།། ཞེས་གསུངས་སོ།། དེ་ནས་རྡོ་རྗེ་སེམས




iiif viewer powered by OpenSeadragon

27a - 28a

Texts on this page

Gdg025.6 - rgyal ba rdo rje sems dpa'i dgongs pa bstan pa thams cad kyi bu gcig pa zhes bya ba'i rgyud