| | e-texts navigator
|
27a1 པ། ནང་ནུབ་མོའི་སྣང་བ་མེད་པ། རླུང་ཆར་དང་མུན་པ་ནག་པོའི་གསེབ་ན་ཤིན་ཏུ་སྡུག་བསྔལ་ལོ།། དེ་ནས་འཁོར་བ་ཝིན་གྱི་ཁརྒྱ་དང་འདྲ་བར་འཁོར་ཞིང་སྡུག་བསྔལ་ལོ།། དེས་ན་གདམས་ངག་དིའི་ག
27a2 ཤེས་པ་གལ་ཆེའོ།། འདི་མ་ཤེས་ན་ཕན་མེད་དོ།། ཞེས་གསུངས་སོ།། བསྟན་པ་ཐམས་ཅད་ཀྱི་ཟ་གཅིག་པུའི་རྒྱུད་ལས། སངས་རྒྱས་ཀྱི་བཞུགས་ཚུལ་བསྟན་པའི་ལེའུ་སྦྲེལ་པའོ།། ། དེ་ནས་པང་གསང་བའི་བདག་པོས་འདིས
27a3 ཀྱེ་ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཆང་། སངས་རྒྱས་ཀྱི་མངོན་རྟགས་གསུང་དུ་གསོལ། ཅེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཁྱོད་ཉོན་ཅིག། སངས་རྒྱས་ལ་གཉིས་མངོན་པར་རྫོགས་པར་སངས་རྒྱས་པ་དང་།
27a4 དག་པར་རྫོགས་པར་སངས་རྒྱས་པའོ།། མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ། འོད་དང་། སྐྲ་དང་། གདུང་དང་། སུ་འོང་ངོ་།། འོད་གྱེན་ལ་འགྲེང་ནས་སྐས་ཀྱི་ཚུལ་དུ་བྱུང་ན། དབུགས་ཆད་པ་དང་སངས་མི་བྱ་བར་ཞག་ལྡནས
27a5 རྒྱའོ།། འོད་ཁང་ཁྱིམ་གྱི་ཚུལ་དུ་བྱུང་ན། ཞག་ལྔ་ནས་བརྟན་པ་ཐོབ་ནས་སངས་མི་རྒྱ་བར། དབུགས་ཆད་པ་དང་སངས་རྒྱའོ།། སྦྲུལ་གཉིས་ཏེ་ཝཱ་ཥྚ་ཟེར་ན་ཞག་ལྔ་ལ་སངས་རྒྱས་སོ།། སྐྲ་ཐུར་ཟེར་ན་ཞག་བདུན་ནས་སངས་རྒྱའོ།།
27a6 ལྔལ་གདུང་དཀར་ངོར་བྱུང་ན་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱའོ།། གདུང་སེར་པོར་བྱུང་ན་རིན་ཆེན་འབྱུང་ལྡན་གྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱའོ།། གདུང་ལ་དག་དམང་པོར་ཟུང
27a7 སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པ་སངས་རྒྱའོ།། གདུག་པ་དག་སྡང་གུང་ཐུང་ན་དོན་དགྲུབ་པའི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་སངས་རྒྱའོ།། གདུག་པ་རོག་མཐིང་གར་བྱུང་ན་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུས་།
iiif viewer powered by OpenSeadragon
26b - 27b