e-texts navigator
Collection
Volume
Page
Wylie

278a1 བཟང་སཱ་ལ་གསོལ་འདེབས་ཤིང་།། བྱང་ཆུབ་སེམས་ཀྱི་མཆོད་པར་རོལ།། དེ་དག་བསྟན་པའི་དོན་བཞིན་དུ།། མཐར་ཕྱི་རབ་ཏུ་རྫོགས་པར་མཛད།། ཡོངས་ཀྱི་ཆོས་རྣམས་ཐམས་ཅད་ནི།། ཐིག་ལེ་ཆེན་པོ་བ་འཛིན་ཉིད།
278a2 ཟབ་ཅིང་རྒྱ་ཆེ་གྲངས་མེད་མོད།། རྒྱ་མཚོ་ཆེན་པོའི་རང་བཞིན་ཏེ།། ཡོན་ཏན་ཚོགས་རྫོགས་སྒྲིབ་པ་མེད།། སྤྲོ་བ་མེད་ཅིང་བསྡུ་བ་མེད།། སྐྱེ་བ་མེད་ཅིང་འགག་པ་མེད།། དངོས་མེད་མཚན་མ་ཅིར་མི་གནས།། དེ་ལྟར་དོན་ཀུན་གནས་འཇུག་པའི།། མི་གཉིས་ཏིང
278a3 འཛིན་ཡུལ་ལས་འདས།། ཐེག་པ་སྣ་ཚོགས་སྟོན་པའི་གཞི།། གསང་བའི་མཐའ་རྣམས་མ་འགགས་པའོ།། རྣམ་པར་མི་རྟོག་པསམ་གཏན་ནི།། ནམ་མཁའ་བཞིན་དུ་ཡེ་གནས་པས།། རྟོག་པའི་སྤབས་མ་ཡུལ་ལས་འདས།། ཞེས་གསུངས་སོ།། དེ་ནས་རིགས
278a4 དེ་བཞིན་གཤེགས་པ་རྣམས་ཀྱིས། ཕྱོགས་ཐམས་ཅད་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ཏེ། སྤྱི་བོས་བླངས་སོ།། ཐམས་ཅད་སྟོན་པ་བླ་ན་མེད།། ཐམས་ཅད་ཐེག་པ་བླ་ན་མེད།། གསང་སྔགས་ཕྱག་རྒྱའི་དཀྱིལ་འཁོར་དུ།། མ་ལུས་ཆོས་རྣམས་ཀུན་སྐྱོང་ཞིང་།།
278a5 རིགས་ཀུན་མངོན་པར་རྫོགས་པ་དག་། བཅོམ་ལྡན་སྙིང་པོ་ཁྱོད་ལས་བྱུང་།། ཡེ་ཤེས་ཆེན་པོ་ཀུན་སྤྱོད་པས།། རིགས་ཀྱི་རིགས་ཏེ་རིགས་ཀྱི་མཆོག། ཅེས་པ་དང་། རྒྱལ་བ་ཀུན་གྱིས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་དབང་བསྐུར་ཞིང་། བསྟན་པའི་སྙིང
278a6 དམ་པ་འདི་རྗེས་སུ་གདམས་སོ།། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རླུད་ལས། ཡོངས་སུ་བསྡུ་བའི་ལེའུ་སྟེ་བཅུ་པའོ།། ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཆོག་ན
278a7 ལ་འཇུག་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། ། ཟུ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ག་ལུ་སྦས་ལུས་ཤིང་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཨུ་པ་དེ་ཤ་སརྦ་སཱུ་ཏྲ། ཤྲི་མ་ཧཱ་སུ་ཁ་ན་མཿ། བོད་སྐད་དུ། མན།




iiif viewer powered by OpenSeadragon

277b - 278b

Texts on this page

Gdg025.22 - rdzogs pa chen po chos nyid byang chub kyi sems/ thig le rgya mtsho gnas la 'jug pa zhes bya ba'i rgyud