e-texts navigator
Collection
Volume
Page
Wylie

277a1 བྱེད་པའོ།། རང་རྒྱུད་ཕྱོགས་གཅིག་གྲོལ་བྱེད་པའི།། ཚུལ་རྣམས་ཆོས་ཀྱི་མཐར་འཛིན་པའོ།། མེར་ཚོགས་ཕུང་པོ་ཁམས་རྣམ་དང་།། སྒྲ་མཆེད་ཀུན་གྱིས་བདག་གནས་འགྱུར།། དེ་དག་ཇི་བཞིན་རྣམ་སྤྱོད་པའོ།། ཆོས
277a2 རྣམས་མཐར་ཐུག་རྟོགས་པའི་གཞི།། སྡུག་བསྔལ་ཀུན་དབྱུང་འགོག་ལམ་དང་།། དེ་དག་མཐའ་རྣམས་གྲོལ་བྱེད་པའི།། རབ་ཏུ་སྤྱོད་ལ་གནས་ཀུན་བརྒྱན།། མཐའ་བྲལ་ཡུལ་རྣམ་ཀུན་སྤྱོད་པས།། རང་གི་ཡང་དག་མངོན་སུམ་རྒྱས།། མ་རིག་འདུ་བྱེད་སྡུག
277a3 མཚོགནས་ལ་འཇུག་པའི་རྒྱུད་ལས།། ཀུན་ཏུ་བཟང་པོའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་རྒྱལ་བ་ཀུན་གྱི་གསང་།། ཡེ་ནས་ལྷུན་གྱིས་གྲུབ་པའི་དབྱིངས།། ཕྱག་རྒྱའི་དཀྱིལ་འཁོར་རང་སྣང་བ།། འདི་དག་འབྲས་བུ་རྫོགས་པའི་ཕྱིར།། ཀུན་ཏུ་འ
277a4 པོའི་སྐུ་གསུང་ཐུགས།། དེ་བཞིན་ཉིད་བཅས་རབ་ཏུ་སྟོན།། ཇི་སྙེད་སེམས་ཅན་ཐམས་ཅད་ཀྱི།། ཞེན་རྟོག་སྣང་འཛིན་མཐའ་ཡས་པས།། ཕྱོགས་རྣམས་ཀུན་ཏུ་རྟོག་པའི་རྒྱུན།། སྣ་ཚོགས་ཡུལ་བཅས་རྣམ་པར་འཛིན།། ཐོག་མཐའ་མེད་པའི་དབྱིངས།།
277a5 རང་བཞིན་ཡེ་ཤེས་གནས་འཇུག་པས།། རྒྱུ་འབྲས་ཐེག་པ་སྣ་ཚོགས་ཀྱི།། དོན་ཀུན་སོ་སོར་སྣང་བ་ཡིན།། བློ་བུར་འཁྲུལ་པས་བརྟགས་པ་ཡི།། ལོ་རྒྱུས་སྔ་མ་ལ་བརྟེན་ཏེ།། རྩོལ་བ་བརྒྱད་བཅས་བྱ་བའི་སྒོས།། བདེ་བ་ཆེན་པོའི་གནས་ཀུན་སྒྲིབ
277a6 རང་གི་ལྟ་བ་ཏིང་འཛིན་དང་།། སྤྱོད་པས་དང་ལམ་རིམ་དག། ཀུན་ཏུ་བརྟགས་པའི་འཁོར་ལོས་ཏེ།། དེ་ལས་དེ་བཞིན་ཉིད་མི་སྐྱེ།། རྩོལ་བྲལ་ལུས་གོལ་བའི་ཕྱིར།། འཁྲུལ་པའི་ངོ་བོས་བརྟགས་པའོ།། ཐིག་ལེ་ཆེན་པོའི་རང་བཞིན་ལ།། བྱི་ནང




iiif viewer powered by OpenSeadragon

276b - 277b

Texts on this page

Gdg025.22 - rdzogs pa chen po chos nyid byang chub kyi sems/ thig le rgya mtsho gnas la 'jug pa zhes bya ba'i rgyud