e-texts navigator
Collection
Volume
Page
Wylie

274a1 ལ་འཇུག་པའི་རྒྱུད་ལས། ཆོས་ཉིད་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་བྱང་ཆུབ་སེམས་ཀུན་གྱིས།། སྡོམ་པ་གཉིས་མེད་རྒྱ་ཆེན་པོར།། ཐམས་ཅད་ཆོས་ཀྱིང་དེ་བཞིན་ཉིད།། ཀུན་ཏྲ་བཟང་བ་ཆོས་རྣམས་པར།
274a2 སདུགསས་ས་ས
274a3 རྟགས་དང་རྣམ་ཧཱརྟགས་པའོ།། ལས་ཀྱི་བྱ་བས་ཇི་སྐྱེད་པར།། སོ་སོའི་ཐེག་པ་སྣ་ཚོགས་པས།། དོན་མཐུན་སྣོད་ཀྱི་རིམ་པ་བཞིན།། ལུས་ཀྱི་སྡོམ་པ་རྣམ་གསུམ་དང་།། ངག་གི་སྡོམ་པ་རྣམ་གསུམ་དང་།། ཡིད་ཀྱི་སྡོམ་པ་རྣམ་གསུ
274a4 དང་།། རྣམ་གྲོལ་ཐེག་པ་ཀུན་གྱི་གཞི།། མ་བཅོས་ཁྱད་པར་ལས་བྱུང་བའི།། སྒོ་གསུམ་མངོན་པར་འདུ་བྱེད་པ།། འདི་ཡིས་རབ་ཏུ་གྲོལ་བྱེད་ཅིང་།། ཐེག་པ་ཀུན་གྱི་རྩ་བར་བསྔགས།། སོ་སོ་ཐར་པའི་སྡོམ་པ་དང་།། བྱང་སེམས་ཚུལ་ཁྲིམས
274a5 རྒྱ་ཆེནའོ།། མ་ལུས་ཀུན་མྱོར་ཡུལ་དུ་གནས།། དེ་དག་ཐེག་པའི་ཁྱད་པར་མཆོག། སངས་རྒྱས་ཀུན་གྱིས་དགོངས་མཛད་དོ།། སྤྱོད་པ་ཐབས་བཅས་གསང་བའི་ཚུལ།། དེ་ལྟར་ཕ་རོལ་གྱི་སྡོམ་པ།། སྔགས་ཀྱི་ཐེག་པ་གྲངས་མེད་རྣམས།། @
274a6 པ་སོ་སོར་སྣང་བའི་ཚུལ།། མ་ལུས་ཀུན་འདུས་རྣམ་པར་དག། ལམ་དུ་བསྐྲད་པ་ཐམས་ཅད་ལ།། དོན་ཀུན་ཐོག་མར་བྱུང་བས་ནི།། དེ་ལྟར་མ་འོངས་ཚོགས་གྲོལ་བྱེད།། དུས་གསུམ་རྒྱལ་བ་བདེ་གཤེགས་ཀྱི།། ཡུལ་གྱུར་ཀུན་གྱིས་མཚུངས་པ་ཡི།།
274a7 གསང་བ་རྨད་དུ་ཕྱུང་བའི་རྒྱུད།། དེ་དག་རྒྱུ་འབྲས་ཀུན་གྱི་གཞི།། ཐམས་ཅད་དོན་ཀུན་སྟོན་བྱེད་པས།། དཀྱིལ་འཁོར་སྣ་ཚོགས་རོལ་པ་དང་།། ལྷ་མོའི་ཚོགས་བཅས་ལུས་ཀུན་སྤྱོད།། དེ་མེད་མི་འབྱུང་དེ་ཕྱིར་ནི།། རྣམ་པར་གྲོལ་བ་མཆོག་ག་ལམ།། ཆོས




iiif viewer powered by OpenSeadragon

273b - 274b

Texts on this page

Gdg025.22 - rdzogs pa chen po chos nyid byang chub kyi sems/ thig le rgya mtsho gnas la 'jug pa zhes bya ba'i rgyud