| | e-texts navigator
|
273b1 པོལ་ཞིང་།། ཕྱི་རོལ་འབྱུང་སོགས་ཁམས་རྣམས་དང་།། ཡུལ་ཀུན་རང་གི་གནས་ཀྱིས་སྟེང་།། དེ་འཛིན་ཤེས་པ་དང་ལྡན་པའི།། འགྲོ་རྣམས་ཕུང་པོ་ཁམས་ངག་དང་།། སྐྱེ་མཟེད་ཆོས་ཀུན་མཐའ་དག་དང་།། དུས་ཀུན་དུ་ནི་མགུབ་ཕྱིར།
273b2 སངས་རྒྱས་ཀུན་གྱིས་མ་གཟིགས་པས།། དེར་བཅས་ཆོས་རྣམས་ཐམས་ཅད་ཀུན།། རང་གི་ངོ་བོས་རྣམ་པར་དབེན།། འགྲོ་རྣམས་ཞེན་པ་བཟློག་པའི་ཕྱིར།། ཐ་སྐད་མཚན་མ་སྣ་ཚོགས་དགོངས།། ཐེག་པའི་དབྱེ་བ་གྲངས་མེད་པཤར།། རང་ཀྱང
273b3 སེམས་ཀྱི་རྣམ་འཕྲུལ་གྱིས།། ཐམས་ཅད་ངོ་བོ་གཅིག་པར་གནས།། དེ་དག་རྟོག་པ་ལས་བཟློག་ཅིང་།། དབྱིངས་ཀྱི་རང་གནས་མ་སྦས་པས།། དོན་ཀུན་གསལ་བ་མཚན་མའི་མོ།། ཡོན་ཏན་སྡང་བའི་གཞིར་གྱུར་པའོ།། དེ་ལས་ཀྱི་རོལ
273b4 དག་དང་།། འབྱུང་དང་འབྱུང་ལས་སྤར་པའི་ཚོགས།། གཉིས་འཛིན་བློ་ལས་རྟོག་བྱེད་ཀྱང་།། རང་བཞིན་མི་གཉིས་ཡེ་ཤེས་ཆེ།། དེ་སྐར་ཆོས་ཅན་མྱ་ངན་འདས།། བྱང་ཆུབ་སྙིང་པོ་རྒྱན་གྱུར་པས།། འཇམ་དཔལ་གཞོན་ནུ
273b5 བརྟག་པའི་ཡུལ་ལས་འདས་པའོ།། འདི་དོན་མཉམ་པ་ཆེན་པོའི་ཆོས།། རྣམ་དག་བྱང་ཆུབ་སེམས་ནི་སྒོམ་འདོད་པས།། དེར་གནས་དེ་ལས་འདའ་མེད་པས།། དེ་ཉིད་ཡང་དག་གྲོལ་བའི་མཆོག། དེ་ལྟར་ཡུལ་སེམས་གཉིས་མེད་པའོ།། བྱང་ཆུ
273b6 སེམས་འདྲི་རྣམ་དག་ཉིད།། ཟུང་དུ་འཇུག་པའི་ཚུལ་གྱིས་ནི།། བདེ་བའི་ཡེ་ཤེས་ཟག་མེད་གནས།། དེ་ལས་དེ་གྱེས་ང་ཉིད་ཆོག།། དེ་དག་དེ་ཡི་ཐ་སྐད་ལས།། རྟོག་པའི་རྒྱན་ད་རྟོག་པས་སྟོང་།། དུས་རྣམས་ཀུན་ཏུ་མི་གྱུར་པས།། ནོམ་པ
273b7 པོའི་ཐ་དད་དོ།། ཆོས་ཉིད་ཇི་བཞིན་འདི་གསལ་བར།། མ་བཅོས་བདེ་བའི་ཡེ་ཤེས་གནས།། བྱ་ཐལ་བདེ་བའི་གྲོང་ཉིད་དུ།། མ་བཅོས་ཇི་བཞིན་བཏང་སྙོམས་ཉིད།། ཅེས་གསུངས་མོ།། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཅི་སེམས། ཐིག་ལེ་རྩ་མཆོག་ནས
iiif viewer powered by OpenSeadragon
273a - 274a