e-texts navigator
Collection
Volume
Page
Wylie

272b1 བཞིན་གནས།། མ་བཅོམ་མཚན་མའི་རྟོག་ཚོགས་མཐའ་རྣམས་ཀུན་དང་བྲལ།། བིན་པའི་མ་འགགས་ཡོན་ཏན་དུས་གསུམ་འབྲི་བ་མེད།། མ་སྤངས་ཉེས་ཚོགས་རྟོག་པའི་ཡུལ་རྣམས་དག་།། སྒྲིབ་མེད་ཀྱི་ནང་ཀུན་ཏུ་ཡེ་ཤེས་ཆེན་པོའི་གནས།
272b2 སྩོལ་སྲུབ་མཐའ་འདས་སངས་རྒྱས་ཀུན་ཏུ་བཟང་།། ཡེ་ནས་རྣམ་བཀང་ལྷུན་གྱིས་གྲུབ་པའི་ཆོས།། དེ་དག་དེ་རྒྱུད་རང་གི་རྣམ་དག་སྟོན།། ཐིག་ལེ་ཆེན་པོར་ཆོས་རྣམས་སྤྲོས་པ་མེད།། དེ་དག་བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། རང་བཞིན་པོ
272b3 པོ་ཡུལ་ཀུན་གསལ་བར་སྟོན།། ཐམས་ཅད་བྱེད་དང་བྱ་བའི་ཆོས་རྒྱུད་ལས།། ལྕེ་འགག་རྣམ་བརྟགས་རང་བཞིན་དོན་གྱིས་བྲལ།། ཡུལ་དང་ཡུལ་ཅན་མཚན་མའི་ཐ་སྙད་དེ།། བསམ་རྟོག་ཀུན་ལས་འདས་པའི་ཡེ་ཤེས་ཉིད།། ཅེས་གསུང
272b4 སོ།། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས། ཐེག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རྒྱུད་ལས། དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་འབེབས་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་འཁོར་གྱི་བདེ་གཤེགས་རྣམས།། སྟོན་པ
272b5 བསྟན་པས་ཚིམ་གྱུར་ཞིང་།། དགའ་མགུ་ཡི་རང་བསྟོད་བྱས་ཏེ།། རྒྱུད་མཆོག་སྙིང་པོ་བཟུང་བར་བྱེད།། དེ་ཚེ་བྱང་ཆུབ་སེམས་དཔའི་འཁོར།། མང་པོ་འདུས་པ་ཐམས་ཅད་ཀུན།། ཐེ་ཚོམ་རྟོག་པའི་དྲ་བས་བསྲིབས།། དོན་ཀུན
272b6 སྨང་ཡང་གསོལ་བ་འབེས།། བཅོམ་ལྡན་སྙིང་པོའི་དཀྱིལ་འཁོར་འདིར།། རྒྱ་ཆེན་ཐེག་པའི་ཚུལ་རྣམས་ཀྱིས།། འཕོ་རྣམས་ཁམས་དང་སྐྱེ་མཆེད་ཚོགས།། དབང་པོའི་བྱེ་ཟབ་ཚིམ་འགྱུར་ཏེ།། རང་གི་འབྲས་བུ་རྫོགས་པར་སྨྲ
272b7 དེ་ལས་ཛཾ་སྙན་པའི་དོན་གསང་པའི།། རྒྱལ་བ་རྣམས་ཀྱི་དགོངས་པའི་མཆོག། རིགས་རྣམས་ཡེ་ཤེས་ཆེན་པོར་འགྱུར།། དེ་ཉིད་ཚུལ་རྣམས་ཇི་ལྟ་།། བློ་གྲོས་ཞེན་པའི་འགྲོ་བ་དང་།། མ་འོངས་དུས་སུ་འཇུག་འགྱུར་ཅིང་།། འདི




iiif viewer powered by OpenSeadragon

272a - 273a

Texts on this page

Gdg025.22 - rdzogs pa chen po chos nyid byang chub kyi sems/ thig le rgya mtsho gnas la 'jug pa zhes bya ba'i rgyud