e-texts navigator
Collection
Volume
Page
Wylie

270b1 གྲོལ་བྱེད་གསང་བའིདོན་པར་སྟོད།། ང་མཆར་དུས་གསུམ་ཕྱོགས་རྣམས་ཀུན་བསླུས་པའི།། རྗུ་གི་སྙིང་པོ་འདི་དག་སྤྱོད་ལས་འདས།། ཐམས་ཅད་ཡང་དག་དོན་ལས་མོངས་འགྱུར་ཏེ།། ཨེས་ཇི་ལྟར་སྤྱོད་པའི་མཐའ་དལ་བའི།། ཨེམ་ཇོ་མ་མར་དང་ག་།
270b2 གསལ་ཞིང་རྨོངས།། ཨེ་མ་རྒྱལ་བ་མཛད་པ་སྣ་ཚོགས་སྟོན།། ཨེ་མ་ཧོ་དགོངས་པའི་དོན་ཉིད་འདི་ལྟ་བུ།། ཨེ་མ་ཆོས་རྣམས་ཀུན་གྱི་གནས་འཁྲུག་འགྱུར།། ཨེ་མ་རྒྱ་དང་འབྲས་བུ་ཇི་ལྟར་འབྲེལ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལྷུན་རྫོགས་དག། སྟོན
270b3 པའི་དོན་ཀུན་རྒྱ་ཆེར་བསྟན་དུ་གསོལ།། དེ་ཚེ་འཁོར་གྱི་བྱང་སེམས་བློ་ལྡན་ཚོགས།། རང་གི་སེམས་རྩལ་ཆོས་ཀྱི་དབྱིངས་སྦྱོར་ཞིང་།། ཕྲ་བའི་གནས་ཀུན་བརྟགས་པའི་གནས་ལ་འཇུག། ངོ་མཚར་ཚོགས་རྨོངས་ཐམས་ཅད་དམས་པར་འགྱུར།། སངས་རྒྱས།
270b4 ཀུན་གྱི་དཀྱིལ་འཁོར་ཇི་ལྟ་བུ།། བརྗོད་པའི་གསང་སྔགས་ཚིག་རྣམ་འབྲེལ་པའི་དོན།། བྱིན་རླབས་ཐུགས་ཀྱི་འོད་ཟེར་སྣ་ཚོགས་པས།། འཇིག་རྟེན་འདི་དག་ངོ་མཚར་རྨད་དུ་བྱུང་།། ཞིང་ཁམས་ཀུན་གྱི་སངས་རྒྱས་རྒྱ་ཆེར་རྣམས།། ཟམ་མོ་གསང་ཚིག་བདེན
270b5 གཉིས་འཇུག་པས་ཐོངས།། ཐེ་ཚོམ་ཏོག་པའི་དྲི་མ་ཀུན་བས་ལ་མཛོད།། རིགས་ཀྱི་བདེ་བར་གཤེགས་པ་ཀུན་ཅིག་རྡོ།། གཉིས་མེད་ཤེས་རབ་ཡུམ་དང་ཀྱོར་མཛད་དེ།། རྒྱལ་བའི་འཁོར་ཚོགས་རང་རིག་སྤྲུལ་པར་བཅས།། ཞིང་ཁམས་དག་པའི་གནས་རྣམས
270b6 སྲུང་མཛད་པའོ།། བཅོམ་ལྡན་ལྷ་ཡི་ལྷ་མཆོག་དགོངས་སུ་གསོལ།། དེ་ཚེ་རིགས་ཀྱི་བདེ་གཤེགས་ཐམས་ཅད་རྩེ།། གཉིས་ཚོགས་གཉིས་མེད་ཀུན་ཏུ་སྟོན་བྱེད་ཅིང་།། དང་པོ་མཆོག་ལས་བསྐུལ་བར་མཛད།། དེ་བཞིན་གཤེགས་པ་དགོངས་པ་ཀུན
270b7 གཞི།། ཡེ་ཤེས་བས་མ་ལས་མི་འདྲེས་ཆོས་རྣམས་སྟོན།། ཐབས་ཀྱི་རྩེ་བྲག་འཕོ་གནས་ཇི་ལྟ་བར།། གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོས།། རང་བཞི་སྡང་བའི་དོན་ཀུན་བསྟན་དུ་གསོལ།། རྒྱལ་བ་མཉམ་ཉིང་བདེ་གཤེགས་པན་གྱི་སྐུ།། དགོངས་པ།




iiif viewer powered by OpenSeadragon

270a - 271a

Texts on this page

Gdg025.21 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud