e-texts navigator
Collection
Volume
Page
Wylie

269b1 དྲེགས་པའི་ཆོས་བརྒྱད་གཙོར་བཞག་ནས།། ཉམས་པའི་སེམས་ཀྱིས་འཆིལ་འགྱུར་ན།། འདི་ལ་རྡོ་རྗེ་དམྱལ་གནས་སུ།། ངེས་འཁྱུར་ཐེ་ཚོམ་མེད་པར་ངེས།། ངེས་ན་བསྟན་པའི་བཀའ་དང་བསུན།། བཀའ་ཡི་བཅུད་འདུས་ཐུགས་ཀྱི་ཉིང་ལ་འདི།
269b2 ལག་ན་རྡོ་རྗེས་རྣ་བརྒྱད་སེམས་ལ་བསྟིམ།། རྡོ་རྗེའི་ཟམ་པ་བསྟན་ནས་འཕྲུལ་གྱི་ལུང་བཅུ་ཕོཊ།། ལུང་བསྟན་སྐལ་ལྡན་རྣམས་ཀྱི་སེམས་ལ་ཐིམ།། རྣ་བརྒྱད་ཀྱི་གྲགས་ཚངས་པ་དབང་གི་རྒྱུད་རྫོགས་སོ།། ། རྒྱ་གར་སྐད་དུ། མ་ཧཱ
269b3 དྷརྨ་བོ་དྷི་ཙིཏྟ་བིནྡུ་ས་མུ་དྲ་ན་ཤ་ཨཱ་བརྟ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོགནས་ལ་འཇུག་པ་ཞེས་བྱ་བའི་རྒྱུད། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག།
269b4 གོ་ཚེ། སྦྱིན་ནཔས་ཆོ་འཕྲུལ་ཆེན་པོར་ཀུན་སྟེན་པ།། བཅོམ་ལྡན་རྒྱལ་བ་ཀུན་གྱི་སྙིང་པོ་མཆོག། ཡོན་ཏན་མ་འགགས་རྣམ་པར་འཕྲུལ་པའི་གཞི།། རང་གི་མཚན་ཉིད་གཞན་དང་དབྱེར་མེད་པས།། དཀྱིལ་འཁོར་གནས་ཀྱི་རྣམ་འཕྲུལ་ཀུན་སྟོན་བྱེད།། གས
269b5 བ་གསང་མཆོག་གཞན་ལས་འཕགས་པའི་གནས།། དོན་ཉིད་སྒྲིབ་མེད་ཡོན་ཏན་ཀུན་སྣང་བ།། ཡེ་ཤེས་ཁང་བཟངས་རབ་ཏུ་བརྒྱན་པའི་ཚོགས།། ཐུགས་རྗེ་ཀྱང་སེམས་རྣམ་དག་དཀྱིལ་འཁོར་གནས།། ངོ་བོ་གཉིས་མེད་རང་ལས་རྣམ་འཕྲུལ་ཞིང་།། ཡོཿ
269b6 ཏན་ཞིན་ལས་ཀྱུ་འཙལ་རྫོགས་པའི་ཆོས།། ཕྱོགས་དུས་མ་འགགས་རབ་ཏུ་བཀོད་པའི་ཁམས།། ཞི་དང་ཁྲོ་ཚོགས་ཕུལ་པ་ཡང་སྤྲུལ་བཅས།། གནས་སྐབས་གཞན་ཁྱེད་ན་དད་སོ་སོ་པའི།། རྒྱས་པའི་སྙིང་པོ་མི་གཉིས་རྫོགས་བྱེད་པ།། དད་བརྩོན
269b7 ཤེས་བྱེ་རྩེགཅིག་འདུས་པའི་ཚོགས།། རང་གི་ཆས་སུན་གནས་རྣམས་སྟོན་པར་བྱེད།། བབས་ལྡན་བྱང་ཆུབ་སེམས་དཔའ་གུན་གྱིས་བསྟོད།། རིགས་ཀྱི་ཅལ་བམང་པོས་མཛེས་པར་བཅན།། ཐེག་འཆོག་གསང་བའི་ཆུང་ཆེན་གདས་འཇུག་པའི།། ངང་།




iiif viewer powered by OpenSeadragon

269a - 270a

Texts on this page

Gdg025.21 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud