e-texts navigator
Collection
Volume
Page
Wylie

268b1 ར་བྱུང་སྐྱོང་བ་རྡ་ཛའི་སྐུ།། ཡོན་ཏད་ལྡན་གྲུབ་རྡོ་རྗེའི་རྒྱན།། བཀོད་པ་མེད་པར་དང་རྫོགས་པ།། ཁམས་གསུམ་བདེ་བ་ནི་ཡོངས་སྤྱོད་དང་།། རིན་ཆེན་སྤྱན་གྲུབ་བྱུང་ཆུ་བཞི་།། སྐལ་བའི་དགངས་པ་སེམས་ཀྱི་གཏེར།། མ་ལུས་འདས་པའི་ཐོག་ལེ་ཅད
268b2 བདག་ཉིད་སངས་རྒྱས་ཀུན་གྱི་དངོས།། རྡོ་རྗེ་རྒྱལ་པོ་ཀུནད་མེད།། ལོག་རྟོག་དངོས་པོ་ཐ་དད་པ།། ལྷན་གྲུབ་པདེབ་ཀློང་ན་གསལ།། མ་འདྲེས་གསང་བའི་བདེ་ཆེན་པོ།། གང་དང་གང་གི་གང་རྣམས་ནི།། དེ་དེ་དེ་ཉིད་དེ་དེ་རུ།། དེ་ཉིད་དེ་ལ་དེ་དེར་སྣར།།
268b3 ཉིད་དེ་ཡི་རང་བཞིན་པས།། དེ་རྟག་དེ་ལ་ལྷུན་གྱིས་གྲུབ།། མ་ལུས་རྣམ་དག་ལྷུན་གྲུབ་པ།། རིག་པ་དང་འབྱུང་འང་དེ་རྫོགས་པར།། དང་པོའི་ཐུན་མཚམས་བཅུ་གཉིས་ཏེ།། གདོན་མི་ཟ་བར་བཅུ་ཡིས་འགྲུབ།། ཟླ་བྱེད་ཟླ་བ་ལྔ་ཡི་ཞག། རྣམ་པ་མཚན་ཉིད
268b4 དོད་རྣམས་ལ།། རྒྱབ་བྲལ་བའི་མངོན་སུམ་ལ།། རིམ་གྱིས་ཅིག་ཆར་གོམས་པར་བྱ།། སྤང་ལེན་འཛིན་རྟོག་རེ་དོགས་དང་།། བདེ་སྤྱོད་གཙང་སྨེ་ཟློག་སྲིད་པ།། གྲུབ་མཐས་ལོག་རྟོག་འདོད་རྩོལ་པ།། གྲགས་པའི་ཐ་སྙད་གཡོ་བའོ།། རང་འབྱུང་རྒྱལ
268b5 བོས་ཐོགས་མེད་པར།། ལྷོད་པ་རྒྱ་མཚོར་ཅི་བདེར་མྱད།། གང་ལྟར་སྤྱོད་པ་རྫོགས་ལོངས་སྤྱོད།། ལུས་ངག་བྱ་བ་ན་ལུས་པ།། ཡུལ་དང་གདུལ་བྱ་བློ་ཡི་རིམ།། ཉམས་པར་མི་འགྱུར་ཐབས་ཀྱིས་སྤྱད།། རང་བྱུང་སྤྱོད་པའི་རྒྱལ་པོར་བྱ།། ཁུང
268b6 ཆེན་ནམ་མཁར་འཕུར་བ་བཞིན།། ཆགས་མེད་ཉ་མའའི་སེམས་མེད་ཅིང་།། གནས་མེད་གནས་པར་མི་བྷའོ།། རིག་པ་རང་འབྱུང་མཁའ་ལྟར་ཁྱབ།། ཀྱེ་མེད་ལུས་ནི་རྡོ་རྗེའི་སྐུ།། བདེ་བའི་ཐབས་ཀྱིས་བསྲུབ་པར་བྱ།། བེམས་པོའི་རླུང་ཉིད་ལུང་བསྟན
268b7 བ།། ཕུང་དང་རྗེངས་པའི་རླུང་དེ་ཉིད།། ལུས་བཟུངས་རླུང་ལ་བསྟིམ་པར་གྱི།། དངས་མའི་ལུས་གཟུངས་བསྲུད་དུ་འདྲེས།། མི་ཤིགས་རླུང་དང་གཅིག་ཏུ་གྱུར།། ཟ་བའི་ཁམས་དང་བྲལ་གྱུར་ནས།། ཐུན་མཚམས་ཟས་ལ་རྟེན་པས་ནི།། ཐིག་ལེ་འཁྱལ་བའི




iiif viewer powered by OpenSeadragon

268a - 269a

Texts on this page

Gdg025.21 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud