| | e-texts navigator
|
268a1 རང་གི་མཚན་ཉིད་མ་བཅོས་པའི།། བདེ་བའི་དཀྱིལ་འཁོར་རང་ལུས་གསལ།། རང་བྱུང་བདེ་བའི་ཕུར་པས་ཐེབས།། ཕྱོགས་བཅུམ་ལུས་ཐམས་ཅད་ཀུན།། ཡེ་ཤེས་ཆེན་པོའི་འོད་ཀྱིས་ཁྱབ།། ཡེ་ཤེས་སུ་ཡི་འོད་ལ་གྲགས།།
268a2 དང་བྱུང་གསུང་གི་ཟེར་ལ་རོལ།། ལྷུན་གྲུབ་བདེ་བ་ཆེན་པོའི་ཐུགས།། མི་འགྱུར་ཡེ་ཤེས་ཆུང་ངུ་ཕེབས།། དེ་ནས་བདེ་ཆེན་འཁོར་ལོ་བསྐོར།། རང་བྱུང་ཡེ་ཤེས་རྣམ་པའི་ལུས།། རང་གི་མཚན་ཉིད་མ་བཅོས་པ།། བདེ་བ་ཆེན་པོར་སྐུ་གསུམ་ཐག་ལེང་ཤང
268a3 བདེ་བ་ཆེན་པོར་རང་རིག་ཉིད་དུ་འགྲུབ།། མ་བཙལ་རྫོགས་པའི་ཡེ་ཤེས་སྐུ།། བཀྲག་གསལ་བདེ་བ་ཆེན་པོའི་གཟུགས།། རང་རིག་སྒྱུ་མའི་ཡེ་ཤེས་གསལ།། ཆགས་མེད་ཅིར་ཡང་མ་རྟོག་པ།། ཐམས་ཅད་རང་བུང་ཡེ་ཤེས་སྐུ།། འགྱུར་མེད་མ་བཀག་མོ
268a4 དུ་ཤར།། དེ་ཉིད་མཐུན་པའི་ལས་ཅིག་ལ།། མཐུན་པའི་དམིགས་པ་བསྒོམ་པར་བྱ།། དེ་བཞིན་དངོས་པོ་མ་ལུས་པ།། དྲན་པའི་ཐག་པ་གདག་བྱ་སྟེ།། རང་བྱུང་བདེན་པའི་ལུང་ཕོག་སྟེ།། སྤྱོད་ཡུལ་ཞིང་ལྷའི་ཕྱག་རྒྱས་བཏབ།། གང་འདོད་དེ་དེའི་ལུང་གསང
268a5 བྱས།། གང་ཞིག་གང་དང་ལྡན་འགྱུར་བ།། དེ་ཡང་དེ་དེས་སྨིན་པར་འགྱུར།། དེ་ཉིད་དེ་ཡི་ཕྱག་རྒྱ་ཅན།། དེ་ནི་དེ་མེད་དགྲོལ་བར་འགྱུར།། འདི་ནི་དེ་དེའི་ཐབས་ཆེན་ཡིན།། པདྨ་ཅན་གྱི་གསེར་གླིང་ཁང་།། གཟུགས་བརྙན་མཐོང་ཡང་སྐྲག་ཅིང་འཐོང་།། དྲན
268a6 ལས་སྡུག་བསྔལ་དྲག་པོ་བསྐྱེད།། དགའ་བའི་གླིང་དང་འཁྲུག་པའི་གླིང་།། གནས་པ་བདེ་དང་ཞེ་སྡང་བསྐྱེད།། དད་པའི་སྐལ་ལྡན་སྨིན་པར་བྱའོ།། ཇུག་གམ་མཐུན་མཚམས་བཅུ་གཉིས་ལ།། མན་ངག་འབད་པའི་རྩོལ་བས་བསྲུབ།། དེ་ནས་རང་བྱུང་བདེ་ཆེན་ཏེ།།
268a7 སྤྱོད་ཡུལ་ཐམས་ཅད་མ་འདའ་ལ།། ཐམས་ཅད་ཡེ་ཤེས་རྣམ་པར་གསལ།། ཁྱབ་གདལ་ཆེན་པོའི་ངང་ལ་རྫོགས།། ཡེ་ཤེས་རིག་པའི་ཀློང་དུ་གདག།། མཁའ་ལྟར་ཁྱབ་པས་མུ་མཐའ་མེད།། ཀྱེ་འགྲོ་རྡོ་རྗེའི་ས་ཆུ་ཆུབ།། མ་བཅོས་ཐིག་ལེ་མངོན་སངས་རྒྱས
iiif viewer powered by OpenSeadragon
267b - 268b