e-texts navigator
Collection
Volume
Page
Wylie

267b1 ཡིན།། དངས་མའི་འཕོ་བ་བསྟན་པར་བྱ།། འདི་ཉིད་རིམ་པ་འདི་ཡིན་ཏེ།། ཡེ་ཤེས་འདའ་ཚོན་ལྟ་བུ་རད།། བདེབ་ཆེན་པོའི་ཡེ་ཤས་ཏེ།། བམས་གསུམ་རང་འབྱུང་ཆེན་པོ་སྟེ།། མི་གཡོ་ཐིག་ལེ་དག་བྱས་ཏེ།། རྔུབས་པས་རྒྱལ་བཟུང་བ་ལར།
267b2 སྤྲོས་པ་དེ་ཉིད་བཤོས་པ་ལྟར།། ཡེ་ཤེས་ཐུང་གིས་སྟོང་པར་བྱ།། ཨ་བཛྲ་འདས་ནས་ཝང་གི་བར།། གཡོ་མ་རང་བྱང་ཐིག་ལེ་བྱ།། དེ་ནས་ཐིག་ལའི་རྟགས་འབྱུང་སྟེ།། ཁམས་སྙོམས་རང་ལུས་པདང་རྒྱས།། ཉམས་དང་ཐལ་ནས་མཁའ་ལ་འདུག
267b3 ཚོར་བ་བདེ་བ་ཆེན་པོར་ཀྱེ།། གྲུབ་གསལ་ཞིང་བྱེ་བྲག་ཤེས།། དེ་ནས་བདེ་བ་འཕྲོ་བ་ཡི།། ཡེ་ཤེས་རླུང་ལ་རྔུབ་པར་བྱ།། དེ་ཉིད་ཐབས་ཀྱི་ཡེ་ཤེས་དགུབ།། དཔེར་ན་རིགས་པ་གྱེན་རླུང་།། ཀུན་འདར་ཕྲ་བའི་རླུང་བཞིན་དུ།། གསང་བའི་པཀྲའི་ལྟོ་བ་ནས།། ནས
267b4 འདུས་པའི་ལྟོ་བ་ནས།། ཤིན་ཏུ་ཕྲ་ཞིང་ངལ་བ་ཡི།། ཡེ་ཤེས་རླུང་གི་ལྷུན་གྲུབ་པ།། བདེ་བ་ཆེན་པོའི་རྒྱ་བ་བྱ།། རླུང་ནི་ཐུན་ཕྱེད་ཕྱེད་དག་ཏུ།། སྟོབས་ཀྱིས་སྡང་བར་ནུས་འགྱུར་ན།། དེ་ནས་ཆུ་བ་མེད་པ་བསླབ།། ལུས་བསྲང་བདེ་བའི་བག་ཡངས་ཀྱིས།།
267b5 ཨོཾ་དང་ཧཱུཾ་དུ་སྦྱར་བྱས་ཏེ།། གསང་བར་ལྟེ་བར་དམིགས་བྱ་སྟེ།། རྔུབ་དང་འབྱུང་བའི་རིམ་གྱིས་ཏེ།། གནས་པའི་བདེ་བ་རྒྱས་པར་བཟུང་།། ལུས་ཟུངས་དབུགས་བཅུད་ཉིད་དུ་བསྲེ།། དེ་ལ་མཐུན་པའི་རྟགས་འབྱུང་སྟེ།། རེག་པས་ལུས་ཟུངས་རྒྱས་འགྱུར་ཏེ།།
267b6 བདེ་བ་ཆེན་པོའི་ཡེ་ཤེས་ཀྱེ།། ནས་སྒོ་དང་དབང་པོའི་ལམ།། ཀུན་ཏུ་སྤྱོད་ནུས་འཇུག་ལྡང་མེད།། འཕོ་བ་མེད་པའི་དགག་པའང་འགྲུབ།། དབང་པོའི་ལམ་ནས་རང་རིག་ཏུ།། ཡེ་ཤེས་ཆེན་པོའི་འདྲེས་ནས་འབར།། དེ་ཉིད་སྟོབས་ཀྱི་མ་ལུས་འདྲེས།། བསྐལ
267b7 པ་དུ་མའི་དབུགས་ཀྱང་བསྲུང་།། གནོད་པ་མེད་པར་གདམས་པའང་འགྲུབ།། འདི་ནི་ཐབས་ཆེན་གང་བའི་ལས།། བདེ་བ་ཆེན་པོར་རྒྱས་ཐབས་པས།། རོལ་པའི་ཀློང་དུ་ཕེབས་པ་ཡིན།། དེ་ནས་བདག་ཉིད་རང་འབྱུང་གི།། བདེ་བ་ཆེན་པོའི་ཐིག་ལྕེར་གསྒྲལ།།




iiif viewer powered by OpenSeadragon

267a - 268a

Texts on this page

Gdg025.21 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud