| | e-texts navigator
|
256b1 ཀྱི་བིག་ཟུང་ཨ་ཡི་རང་བཞིན།། དེ་དང་འབྲེལ་བའི་ཐིག་ལེ་བརྒྱད།། རང་འབྱུང་ཡེ་ཤེས་བདེ་བ་བཅུད།། ཐིག་ལེ་འཁྱིལ་པའི་ཚུལ་དུ་གནས།། རྩ་བརྒྱད་འཁོར་བའི་རྩེ་འཁོར་ལོ།། གཉེ་མོ་འཁྲིལ་བའི་ཚུལ་བཞིན་ཏེ།། དབང་པོ་དངས་མའི་བཅུད་དང
256b2 འབྲེལ།། བདེ་གཤེགས་དཀྱིལ་འཁོར་བརྗོད་ལས་འདས།། མཚན་དང་དཔེ་བྱད་རང་བཞིན་རྫོགས།། སྤྲུལ་པའི་འཁོར་ལོ་གཟུགས་ཁམས་ཏེ།། དབུས་ཀྱི་ཐིག་ལེ་སྒྲོན་མའི་ཁ།། སྤྱི་བོ་གཏད་ནས་འཁྱིལ་པའི་གཟུགས།། ཐིག་ལེ་བཞི་དང་ལ་པ
256b3 འབྲེལ།། སྤོས་འཛིན་བདེ་བའི་སྒྱུ་མས་གང་།། མཁས་པས་བདེ་བ་སྤྱད་པར་བྱ།། རྩ་བཞི་འབྲེལ་པའི་ཐིག་ལེ་བརྒྱད།། བསམ་གཏན་བཞི་ཡི་སྡེ་པ་ཅན།། ཕྱི་རོལ་འཁོར་ལོ་འདབ་བརྒྱད་ཅན།། ཐིག་ལེ་བཅུ་དྲུག་དེ་དང་འབྲེལ།། དང་པོ་ཉིད་ནི་འདྲེ
256b4 མ་ཡིས།། བཞི་དང་བཅུ་ནི་འདོད་པ་ཡི།། ཐུན་མོང་བདེ་བ་ཉིད་ཡིན་ནོ།། གཉིས་ནི་རིག་པའི་རྫིང་གི་འགྲམ།། འདུས་པའི་མདུད་འཆད་མེ་ཡི་འགྲམ།། ཐིག་ལེ་གཉིས་ནི་སྒོ་མེད་ཡིན།། རྒྱུད་རྣམས་ཀུན་གྱི་ཐུན་མོང་གི།། བདེ་བ་མྱོང་བར་བྱ་བ་ཡིན
256b5 གཡས་གཡོན་འདུས་པའི་ཐིག་ལེ་མཆོག། ལོངས་སྤྱོད་འདུད་པའི་རྩི་ཡིས་ཟིན།། ཆོས་ཀྱི་ཐིག་ལེ་དང་པོའི་བཇུད།། གཉིས་སུ་འཁྱིལ་ཞིང་འཛག་པའི་རྩེ།། ཐིག་ལེ་འཁྱིལ་བ་བཞི་གནས་ཏེ།། བདེ་བ་ཆེན་པོས་འགེངས་དང་འཛག། འཁོར
256b6 བཟློག་དང་རྩཝ་གསུམ་རྒྱས།། རང་བྱུང་བདེ་བ་རྒྱས་པར་བསྲེ།། རླུང་དང་ཡེ་ཤེས་དངས་མའི་བཅུད།། འདྲེས་པ་རྡོ་རྗེ་ཉི་མའི་ཚུལ།། འཁྱིལ་ནས་བདེ་བའི་རོས་གང་ན།། ཁམས་གསུལ་ཡེ་ཤེས་ཆེན་པོ་སྟེ།། ཇི་བཞིན་རླུང་བུས་ཕེབས་པ་ཡིན།
256b7 བར་གཅོད་རྐྱེན་དང་བྲལ་བ་ཡིན།། ལོངས་སྤྱོད་འཁོར་ལོ་འདོད་པའི་ཁམས།། བདེ་བ་ཆེན་པོའི་གཟུགས་མེད་པ།། དངོས་པོ་མེད་པའི་སྙིང་པོ་ཅན།། བདེ་བ་འབྱུང་བ་གུ་ལི་ཚོགས།། ལོངས་སྤྱོད་བདེ་བའི་ཐིག་ལེ་ཅན།། རྣམ་དག་ཆོས་སུའི་རང
iiif viewer powered by OpenSeadragon
256a - 257a