e-texts navigator
Collection
Volume
Page
Wylie

255b1 དཔང་བསྟན་བྱག།། དོན་གྲུབ་རྡོ་རྟ་རིགས་ཅན་འདི།། དང་བབ་པའི་གཞི་ཡིན་པས།། ཡེ་ཤེས་རྒྱ་ལས་བྱུང་བ་ཡི།། ཟ་མ་ཏོག་གི་རྒྱལ་མཚན་ནམ།། དཔལ་ཕུག་ན་རྗེའི་རྒྱལ་མཚན་ནམ།། བ.རཎྜ་སྟིའི་བསིལ་ཁང་དམ།། དོན་གྲུབ་རིན་ཆེ་ན་སུལ་མང་བས
255b2 ག་ཀོ་ཤི་གླིང་ཐུགསམ།། དོན་སྒྲུབ་པཔ?་ཤིས་ཁང་བུའང་རུང་།། ཡེ་ཤེས་སྟོབས་དང་རིག་པའི་བྱིན་རླབས་དང་།། བདེ་བའི་གནས་སུ་བདུད་ནི་བཅུད་སྤེལ་ན།། རྣལ་འབྱོར་ཚེ་འཛིན་རིག་པའི་བྱེ་རླབས་སྟོང་།། དེས་ནི་སྟེགས་མའི་རྒྱུ་ཅན་དང་བ་སྟེ།། རྐྱེན་པ
255b3 བྱོར་ཡིན་ན་རྟེན་བཞིར་གཟུང་།། དཀྱིལ་འཁོར་རང་འབྱུང་ཡེ་ཤེས་ཏེ།། མ་བཅོས་དངོས་གཞི་དཀྱིལ་འཁོར་གསུམ།། ཐམས་ཅད་ཡེ་ཤེས་རང་རིག་གསལ།། མཁའ་ལྟར་ཁྱབ་པའི་བདེ་ཆེན་པོ།། ཡེ་ཤེས་དཔག་མེད་ཡོན་ཏན་གསལ།། སྙིང་པོ་ལེན་པས་@
255b4 རང་ལ་རྫོགས་པས་ལྷུན་གྱིས་གྲུབ།། ཡོན་ཏན་རྫོགས་པས་ཡོན་ཏན་རྫོགས།། ཐིག་ལེར་འདུས་པས་གཙོ་ཡི་རྒྱན།། སྣོད་བཅུད་འདུས་པས་ཐིག་ལེ་ཆེ།། འབར་བ་དཔག་མེད་གཞལ་ཡས་ཁང་།། གདོད་ནས་གྲུབ་པས་རབ་གནས་རྒྱས།། ངོ་བོ་གསལ་བར
255b5 འབྱུང་འཇུག་མེད།། བདག་ཉིད་གསལ་བས་མྱེད་པ་མེད།། རྒྱ་དབྱིབས་བྲལ་བས་ཡོངས་སུ་རྫོགས།། ཡོན་ཏན་ལྡན་གྲུབ་གྲུ་བཞི་ཡིན།། རང་རིག་ཡེ་ཤེས་ཆེན་པོ་ལ།། མ་ལུས་ཀུན་འདུས་ཟླག་མ་ཡིན།། མཚན་མའི་བག་ཆགས་མ་ལུས་འཇོམས།།
255b6 གསུམ་དྲག་པོའི་གཞལ་ཡས་ཡིན།། འཛིན་ཏོད་ཐལ་བས་རང་གིས་ཞི།། ཞི་བ་ཆེན་པོའི་གཞལ་ཡས་ཡིན།། ཡེ་ཤེས་འབར་བསྐུམ་མེ་བ།། དངོས་པོ་འཇོམས་པའི་ཇི་ཆེན་ཡིན།། ལྷན་ནེ་ལྷང་དེ་འོད་རྗེ་ཆུ།། གཉིས་མེད་ཐིག་ལེའི་རང་བཞིན་ཅན།
255b7 མ་ལྔ་ཆེན་པོ།། འདི་ནི་རང་བཞིན་རྣལ་མ་ཡི།། དཀྱིལ་འཁོར་ཆེན་པོ་འདོད་ཡིན་ཏེ།། ཁྲོ་དང་ཞི་བ་ལ་སོགས་པའི།། གནས་པའི་དཀྱིལ་དུ་ལུས་བདག་པ།། ལས་རྣམས་མ་ལུས་ཀུན་བསྒྲུབས་པའི།། རྣལ་མའི་དཀྱིལ་འཁོར་ཆེན་པོ་རུ།། ཞུགས་པ་མེད




iiif viewer powered by OpenSeadragon

255a - 256a

Texts on this page

Gdg025.21 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud