e-texts navigator
Collection
Volume
Page
Wylie

255a1 ཐུགས་ཀྱི་ཉིད་ཁྭ་འད། ངང་པས་འོ་མ་བསྡུས་པའམ། འཇོག་པས་རིན་ཆེན་ཕྱུང་བ་སྟེ།། རྒྱ་མཚོ་གང་གི། ཁ་ཟབ་བཞིན།། བཀའ་ཡི་བདུད་རྩ་བསྡུས་པ་ཡིན།། རྨ་ཐུགས་ཚངས་པ་ད
255a2 གྱིས་རྒྱལ་བའི་རིམ་པར་བསྟན།། རྗེས་སུ་མཐུན་པའི་བཞི་དང་བཅས།། འཇུག་པ་རྒྱ་ཡི་རིམ་པ་དང་།། སྨན་པའི་ཆད་པར་ཀུན་སྤངས་པའི།། ཀུན་རྫོགས་ཚངས་པའི་དབང་བསྟན་དང་།། བརྡ་དོན་འགྲོ་ལ་བའི་རིམ་པ་མེང།། ཞུགས་པ་རྟོལ་རྔ་ད་མན
255a3 སྦྱིན།། འཕྲུལ་གྱི་མེ་ལོང་དགུ་བསྐོར་བཞིན།། རྒྱལ་བས་དངོས་གྲུབ་མན་ངག་སྦྱིན།། གསལ་བྱེད་རིན་ཆེན་རཐའ་བར་བསྟན།། མི་འགྱུར་བསྟན་པའི་དབང་བསྐུར་ལྔ།། དྲན་པ་རྐྱེན་གྱི་མན་ངག་བྱིན།། དྲན་རྟོག་རླུང་གིས་སྐྱེད་བྱེད་པས།། གཡོ
255a4 འདོན་རླུང་གི་མན་ངག་སྦྱིན།། སེམས་ཉིད་མི་བསྟན་སྤྲོས་འཚལ་བས།། བདེ་བ་ཐིག་ལེའི་མན་ངག་ཕྱིན།། བདེ་ཆེན་དང་བྱང་བྱིན་རླབས་པས།། མི་འགྱུར་བརྟན་པའི་སྤྱོད་པ་བསྟན།། བརྟན་ནས་མི་འགྱུར་ལྷུན་གྱིས་ཚེ།། བདེ་ཆེན་རིག་པས་བསླབ
255a5 པར་བྱ།། དང་པོའི་ཡན་ལག་བསྟན་བྱས་པ།། གནས་དང་སློབ་དཔོན་དཀྱིལ་འཁོར་དང་།། སློབ་མ་དག་དང་འཇུག་རྣམས་དང་།། དུས་དང་འཇུག་པའི་ཡོན་ཏན་ནོ།། གནས་ནི་རྣམ་པ་གཉིས་གསུངས་ཏེ།། གཞི་ཡི་གནས་དང་རྟེན་པའི་གནས།། ཐམས
255a6 ཅད་རང་རིག་སེམས་ཉིད་དེ།། རྒྱུ་གཉིས་བྲལ་བའི་དངོས་གཞི་ཉིད།། བདེ་གཤེགས་གྲུལ་བ་མ་ལུས་དང་།། རྒྱ་དྲུག་སངས་རྒྱས་ཐམས་ཅད་ཅི།། བཞུགས་གནས་རྨད་འབྱུང་ཁྱད་པར་ཅན།། ཚོད་དང་བྲལ་བའི་རིན་ཆེན་ཁང་།། མི་འགྱུར་རྡོ་རྗེའི་རྒྱུ
255a7 ལས་བྱུང་།། རང་བྱུང་ཡེ་ཤེས་གཞལ་པས་ཁང་།། གནས་ཉིད་གནས་ལ་གནས་པ་མེད།། དེ་ལས་དབྱུང་ཞིང་དེ་རུ་འདུས།། དེ་ཉིད་དེ་ལེ་རང་བཞིན་གནས།། བྱང་ཆུབ་སེམས་ཉིད་བདེ་ཆེན་པོ།། རྨད་འབྱུང་ཐིག་ལེའི་གནས་ཞེས་བྱའོ།། ཏན་གནས།




iiif viewer powered by OpenSeadragon

254b - 255b

Texts on this page

Gdg025.21 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud