| | e-texts navigator
|
253a1 རྙེད་ནས།། དངུའི་མི་ཆེན་ཐོག་ཏུ་བརྩོན།། ལྷ་མོ་འབར་བའི་ཁལ་བཞག། རོལ་པ་རྩེ་དགུ་སྤྱོང་པ་བསྟན།། ཁ་ན་མཐོའི་ལས་རྣམས་ལ།། བག་མེད་སེམས་ཉིད་རོལ་བར་བྱ།། བདེ་བ་མྱུ་གུའི་རིག་འདོད་ཏེ།། དོན་དམ་བདན་པརྣགས
253a2 པ་པིན།། སྟོང་ཉིད་བདེ་བའི་མནང་གསྦྱིན།། རོལ་པའི་ཀར་བཅུ་གཉིས་བསྟན།། སྦྱར་བའི་མན་དུག་རྣམ་གསུམ་བསྟན།། བཀྲག་དང་མཆེ་དང་བསྡམས་པ་དང་།། གཟུང་དང་སྤད་དང་བཅིང་བ་དང་།། སྤད་དང་གར་གྱི་ཕྱག་རྒྱ་དང་།། གཉིས་བཞི་ལྡན་པའི་ཐབས་ཆེན
253a3 དམ་པའི་བདེན་པ་མངོན་དུ་བསྟན། ང་བྱེདེ་ཉིད་མྱལ་ལ་གནས།། རྟགས་ཀྱི་སྤོང་བར་བྱིན་གྱིས་རློབས། ཀྱེས་དགྲ་འཛིན་ད་ཐོ་ཏེ།། འདི་བམེད་པའི་ཚདང་རྗོད།། སྲས་ཀྱི་བུ་ཐོ་ཉ་བཞགལ།། བུམ་པའི་བང་ཐོགརྩི་བས་བཅད་དབར།། སང
253a4 གསུམ་གནས་ཆེན་པོ།། སྤྲུལ་པ་བརྒྱ་བྱིན་གནས་སྒྱུར་ཏེ།། བརྒྱ་བྱིན་བུ་མོ་གྲགས་ཆེན་པོ།། ཨཱཎྜལ་ཀུན་གྱི་གཟུངས་ཆེན་ཏེ། བདེ་བར་མཆོད་ནས་ཉེ་བར་བཞག། གཟུགས་བརྟན་གསང་བའི་དཀྱིལ་འཁོར་དེ།། ཆགས་པ་བདེ་བའི་ས་བོན་ཞིང་།། འདོད་པའི་ཡུལ་དུ་གདབ་པར་བྱ།། གཉིས
253a5 མེད་ཡེ་ཤེས་ཀློང་དུ་འཆར།། འདོད་ཆགས་སྲེག་པའི་མེ་ཡིན་ཏེ།། རྡོ་རྗེ་རླུང་གི་སྙིང་པོ་བསྐུལ།། དབྱིངས་ཕྱག་འཁོར་ལོ་མེ་ཡི་བསྲོ།། ཐིག་ལེ་རྫོགས་པ་ཕྱེད་ནས་བསུལ།། རྩ་མདུད་དང་སམ་མ་རྒྱས་འགྱུར་ན།། ཇི་ལྟར་འདོད་པ་བདེ་བ་འབྱུང་།། ཡེ་ཤེས་འདྲེས
253a6 བའི་ཐིག་ལེ་ཅན།། དབུགས་ཆུབ་བསྡུ་བའི་མན་ངག་སྦྱིན།། རྡོ་རྗེ་འཛིན་པའི་རིག་འཛིན་ཡིན།། ཏིང་འཛིན་འབར་བའི་དཀྱིལ་འཁོར་དུ།། སེམས་དཔའི་བསྟན་པ་ལུང་པོག་ཏེ།། གནས་མེད་དཀྱིལ་འཁོར་དམ་པར་བཞུགས།། དེ་ཉིད་དཀྱིལ་འཁོར་དང་ཐུགས
253a7 ནས།། རང་བཞིན་དཀྱིལ་འཁོར་ལགས་ལ་དུ།། དོན་གྲུབ་ལས་ཀྱི་དབང་བསྐུར་ཏེ།། རྒྱལ་ཚབ་གྱེས་བུའི་སར་བཞག་ནས།། འབུམ་ཕྲག་གསུམ་གྱི་བསྟན་པ་བསྒྲགས།། ཆོས་ཀྱི་འཁོར་ལོ་གསུམ་གསུངས་ཏེ།། བཅོས་མའི་སྦྱོར་བ་འདི་ཡིས་ནི།། རྣམ
iiif viewer powered by OpenSeadragon
252b - 253b