e-texts navigator
Collection
Volume
Page
Wylie

251a1 6བྱིན།། འདའབ་མེད་པས་དམཆོག་ཡིན།། རྙོག་འཛིན་སྤུངས་པས་སངས་རྒྱས་ཡིན།། ཐམས་ཅད་རོལ་བས་འཁོར་བའང་སྟེ།། ཐེག་པའི་རིམ་པ་མ་ལུས་དང་།། རྒྱལ་པའི་ཐུགས་བཅུད་ནོངས་ཡན།། རྣམ
251a2 དད་ཀུན་གྱི་བདག། འདི་ནི་རྒྱལ་བ་ཐམས་ཅད་ཀྱི།། རྨུགས་ཀྱི་མི་ནག་པའི་དམ་པའི་ཐབས།། གཅིག་ཏུ་འདུས་པའི་བདེ་ཆེན་ཡིན།། འདི་ལ་ཟོས་བཟུང་ཡང་དག་མེད།། ཏིང་འཛིན་སེམས་ཀྱི་རིམ་རྩལ་མེད།། ལུས་དང་ངག་གི་རྒྱ་བཙལ་མེད།
251a3 གང་པ་དམིགས་ཀྱང་རྣམ་འབྲེར་མེད།། གཞན་དུ་སྣང་ཡང་གཉིས་སྡང་བྲལ།། ཀྱེ་འཇིག་འཐུང་ཡང་འུག་ག་བྲལ་མེད།། གནས་དང་བྲལ་ཡང་རྟེན་པ་མེད།། ཡུལ་དུ་སྣང་ཡང་འགག་པ་མེད།། ལོངས་སྤྱོད་ལྡན་ཡང་ཆགས་པ་མེད།། ཐལ་བར
251a4 བ་མཆོག་དང་ལྡན།། འདི་ནི་རྡོ་རྗེ་ལམ་མཆོག་སྟེ།། སྐལ་ལྡན་འབད་པ་མེད་པར་གྲོལ།། རྒྱལ་ཐབས་སེམས་ཀྱི་རིན་ཆེན་དབང་།། སྤྱི་བླུགས་ཚངས་པའི་དབང་ཞེས་བྱ།། སེམས་ཉིད་རིན་ཆེན་དབང་གཅིག་གིས།། བསྐུར་མེད་རྫོགས་པར་སྦྱིན་བྱས་པས།
251a5 བ་ཕྲག་རྒྱའི་དབང་ཐོབ་སྟེ།། ཞིང་ཁམས་གཉིས་པ་བདེ་ལོངས་སྤྱོད།། བན་མ་ཆགས་ལྔ་ཡི་སྦྱོར་བ་ཡི།། འདོད་པ་མོས་པའི་དངོས་གྲུབ་སྩོལ།། སྤང་ལེན་བཅས་པའི་ཏིང་འཛིན་གྱིས།། རེ་དོགས་འབྲས་བུ་དངོས་དང་བཅས།། འཐོབ་པ་རང་ལས་མ་ཡིནན
251a6 གྲོས་པརང་བྱུང་གཞན་ལས་མིན།། འདོད་ལ་མོས་པ་རྒྱུ་རྟེན་ཅན།། བཀའ་རྟགས་ཚིག་གི་དབང་བསུར་ནི།། ང་རྒྱལ་འཛིན་པའི་དབང་ཐོབ་སྟེ།། དགྲ་བཅོམས་ལ་འཇུག་པར་ནུས།། འཛིན་དྲུག་བྲལ་བའི་ཡེ་ཤེས་ལ།། བདེན་བཞི་གསལ་བའི་དབང་བྱིན་ཞིང་།།
251a7 རྟེན་པ་ལས་ཀྱི་རླུང་བཟུང་སྟེ།། ཆུགས་ར་འབབ་པའི་ཐིག་པའམ།། རླུང་གྲི་བསྐྱོད་པའི་སྨིག་རྒྱའམ།། རྒྱ་མཚོ་ཆུལ་ཆུའི་ཆོས།། བཀྲུས་ཤིང་ཏི་ལ་མར་སྦྱར་བ་ལ།། ཞག་དྲུག་གཉིས་གྱུར་སུམ་འགྱུར་གྱི།། བདེན་པ་གཏན་ལ་རེགས་འགྱུར་ཏེ།། བདེན་པ་བཞི་ལ




iiif viewer powered by OpenSeadragon

250b - 251b

Texts on this page

Gdg025.20 - bde ba chen po byang chub kyi sems rmad du byung ba'i le'u