e-texts navigator
Collection
Volume
Page
Wylie

250b1 བསྒྲལ།། ཆོག་གི་ལམ་ཆད་པ་ཤེས་སྨོན་ལ་འདི།། མ་ཧཱ་ད་པས་རིགས་སུ་བལྟས་པ་བཞིན།། རྡོ་རྗེམམས་ཆོག་ལམ་གྱི་སྡེ་མིག་སྟེ།། འཕྲུལ་གྱི་རྒྱུད་པའི་རྣམ་པ་མཆད་པར།། དབང་པོ་མ་འཛིན་རྩིརྩ་གསུམ་གནས།། དབུ་མཐོང་ནས་འང་མ་ཐོང་ལྡིང་དུ་བཅས
250b2 ལག་ན་རྡོ་རྗེ་མངོན་དུ་དབང་བསྐུར་ཏེ།། དུས་མཐའ་ཉིད་ཀྱི་རྒྱལ་བའི་ས་ལ་བཀོད།། འཕྲུལ་མིག་རྒྱུད་པའི་རྡོ་རྗེ་ཟམ་པ་ཡིན།། རང་བྱུང་ལྷུན་རྫོགས་ཆེན་པོ་ལ།། འདོད་པའི་དོན་ཀུན་རེ་བ་མེད།། ཐམས་ཅད་ར་རོ་སེམས་དག་པ་ལ།། གནས་ཀྱི་མཎྜལ་སྐྱེད
250b3 མེད།། རང་བྱུང་ཡེ་ཤེས་འོད་གསལ་ལ།། རྩོལ་བའི་ལྟ་བ་རྟོགས་ལས་འདས།། ཐམས་ཅད་ཅིག་པའི་ཕྱག་རྒྱར་གསལ།། བསམ་བརྗོད་བྲལ་བའི་ཏིང་འཛིན་མཆོག། མི་འགྱུར་མཆོག་གི་དངོས་གྲུབ་སྟེ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།།
250b4 མས་མ་ལུས་ཐམས་ཅད་ཀུན།། རྟོགས་ཏེ་རང་བཞིན་ལྷུན་གྱིས་གྲུབ།། ཐམས་ཅད་བདག་ཉིད་རང་དབང་ལས།། བསྐུར་བའི་ཆ་གཉིས་མི་རྟོགས་ཀྱང་།། བརྡ་དོན་སྒྲོལ་བའི་མན་ངག་སྦྱིན།། རེ་དོགས་བྲལ་བའི་སེམས་ལ་བསྟན།། འབྱུང་འཇུག་མེད
250b5 པའི་སེམས་ལ་བྲིམ།། དྲན་པ་སེམས་ཀྱི་མན་ངག་སྦྱིན།། རྟོག་པ་རླུང་གི་དྲན་སྤྱོད་ཅིང་།། མཚན་མའི་སྤྲོས་པས་འཚོལ་བ་ལས།། བདེ་བ་ཐིག་ལེའི་མན་ངག་སྦྱིན།། སེམས་ཀྱི་རྣམ་གྲངས་གང་དང་གང་།། དེ་དང་དེ་ཡི་རྗེས་མཐུན་པར།། རྡོ་རྗེ་ཟམ
250b6 པ་མ་ཆད་པར།། བླ་མ་རིན་ཆེན་སྲོག་འགྱུར་དེས།། དེ་དེའི་སྒོ་ནས་གཏེར་ཁ་དབྱེ།། དེ་ཉིད་སྒོ་ཀུན་ཕྱེ་བ་ཡིན།། དབྱིག་གི་རྫས་དང་ཕྲད་པ་ཡིན།། དཔེར་ན་ལྷ་ཡི་ནོར་བུ་ལ།། མཎྜལ་རྩེགས་པའི་སྒོ་བཞི་ཡོད།། གང་ནས་ཕྱེ་ཡང་དེ་ཉིད་ཐོབ་པར་འགྱུར།།
250b7 འདི་ནི་ཐབས་རྒྱལ་རིན་ཆེན་ཏེ།། རྩལ་དང་བྲལ་བའི་དངོས་གྲུབ་ཡིན།། རྒྱ་འབྲས་མེད་པའི་མཐར་ཕྱིན་ཡིན།། སྔགས་ཚིག་བྲལ་བའི་ནུས་མཐུ་ཡིན།། ཐ་སྐད་དཔྲལ་བའི་དོན་མཚོན་ཡིན།། ལས་གཞི་བྲལ་བའི་དོན་གྲུབ་ཡིན།། འཆིང་བྲལ་སྟོན་པས་ལྦབ




iiif viewer powered by OpenSeadragon

250a - 251a

Texts on this page

Gdg025.20 - bde ba chen po byang chub kyi sems rmad du byung ba'i le'u