| | e-texts navigator
|
24b1 ཁ་དག་རྫས་ཁེངས་ནས་པ་དང།། ཞེས་གསུངསས།། དོནས་གསང་བའི་འདབ་པས་འདི་སྤྱན་གྱིས་ཆུས་དོ།། སྐེ་རྩེ་བཅོམ་ལྡན་འདས་རྡོ་རྗེ་འཆང་། སངྱས་རྒྱག་ཀྱིས་གསལ་བ་སྡུག་པར་དྲུགསལ། ཞེས་འ་།། ཤཱནན་འདས་ཀྱིས་པ
24b2 སྤྲུལ་པ། ཨེ་མ་ཧོ།། གསང་བའི་བདག་པོ་ངེས་ཟུང་ཞིག། སངས་རྒྱས་ཀྱི་ཞི་ཁམས་འོད་ལྔར་གསལ་ལོ།། སངས་རྒྱས་ཀྱི་ལུས་འོད་ལྡར་གསལ་ལོ།། འོད་ཁ་དོག་ལྔ་ནུབ་པ་མེད་པར་གསལ་ལོ།། འོད་ལྔ་རང་གི་ཏིང་གི་རླུང་ནགསལའོ།།
24b3 ཡེ་ཤེས་ལྔ་འོད་ལྔར་གསལ་ལོ།། ཞེས་གསུངས་སོ།། བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། བུདྡྷ་བཛྲ། མ་ཧཱ་ཙིཏྟ། རིན་པོ་ཆེ་ཟ་མ་ཏོག་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞུགས་པའི་ནྡན།
24b4 ངག་ལ། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་བྱས་སོ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཚང་། སངས་རྒྱས་ངོ་སྤྲོད་ལྔ་ལྔ་གསུང་དུ་གསོལ། ཞེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ། རང་གི་མིག་ལྷའི
24b5 བུའི་ཟག་སོར་གྱིས་བཀབ་ལ། ཕྱག་སོར་ལམ་ཡེངས་པར་བལྟས་པས། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་མངོན་སུམ་དུ་འཆར་རོ།། རང་གི་མིག་མེ་ལོང་གི་ནང་དུ་བཅུག་ནས་བལྟས་ན། སངས་རྒྱས་ཀྱི་ཞིང་ཁམས་མངོན་སུམ་དུ་འཆར་རོ།། འཁར་བར
24b6 ལགས་པར་ཆུས་བཀང་ནས། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ན། སངས་རྒྱས་ཀྱི་ཞིང་ཁམས་མཚོན་ཆའི་རྩེ་མོ་བཞིན་དུ་འཕྲོ་བ་འཆར་རོ།། ནམ་མཁའི་སྙིང་པོ་ལ་རང་གི་མིག་བཅུག་ནས་བལྟས་པས་སངས་རྒྱས་ཀྱི་ཞིང་ཁམས་ཕྲ་ལ་དངས་པ་འཆར་རོ།། གྲོང
24b7 ཁྱེར་གྲངས་མེད་སྣ་རྩེ་ཉི་མ་ལ་བསྟན་ནས། དེ་རང་གི་མིག་ལ་བལྟས་ནས། སངས་རྒྱས་ཀྱི་ཞིང་ཁམས་འཆར་རོ།། ཀྱེ་གསང་བའི་བདག་པོ་ལེགས་པར་ཉོན་ལ་དགོངས་ཤིག། ཡིད་གཏོད་ཅིག། ང་རྡོ་རྗེ་སེམས་དཔའི་གདམས་པ་རིན་པོ་ཆེ་འདི་ནི་འཇིག་རྟེན
iiif viewer powered by OpenSeadragon
24a - 25a