| | e-texts navigator
|
248b1 ཡོངས་སུ་དག་པ་དང་། དཀྱིམ་པརྩོདན་པ་རྒྱད་རྩོམས་སུ་བཞུགས་པས་ད་པ་ན། ཚན་བནགཏན་ཅིགང་དགགསཔ་ཅོས་མོ་དང་།། རྣམས་སྩ་ལ་ས་སས་རྒྱབྱནས་ད། རྒྱུན་འཕྲུ་ཏོ་ལནས་སནས། ས་ང་ཅད།
248b2 ལ་རགྲ་མལས་ཏེ། གདན་ལ་བཟར་མེད་པ་ཡིན་ནོ།། ཐུགསུ་ལ་ཡང་དོན་གསུམ་ཏེ། ཀུན་ལ་འཇུག་པ་དང་། ཡིད་ཀྱི་མཚན་ཉིད་དང་། རིག་པའི་ཡེ་ཤེས་སོ།། སྦལ་ཡང་དོན་གསུམ་ཏེ། གྲོང་འངས་པའི་ས་བདྲ་དང། ཀུན་ཏུ་དེ་པའི་བུ་དང་།
248b3 ཆུབ་ཀྱི་སེམས་རྡོ་རྗེའོ།། གསུང་ལ་ཡང་གསུམ་སྟེ། ངེས་པའི་ཚིག་དང་། བརྗོད་པར་བྱ་བ་དང་། ཐམས་ཅད་དུ་སྤྲོས་པའོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་འདིས་ཁམས་གསུམ་དབང་དུ་བསྡུས་ཏེ། ཐམས་ཅད་ཀྱི་སྲོག་འཛིན་པའི་ཕྱིར། ཡུམ་ལྡན་ཏུ།
248b4 བཟང་མོའི་བྷ་ག་རྒྱ་མཚོའི་དབྱིངས་སུ་ཐིམ་ལ་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་སྟེ། བྱ་བཙལ་ལས་འདས་ནས་རིག་པའི་རྒྱལ་པོ་རང་དབང་དུ་གྱུར་ནས། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་རང་ལ་མཆོད་པའི་ཕྱིར། ཀུན་ཏུ་བཟང་པོའི་མཁའ་བདེ་བ་ཆེན་པོར་བསྡུས་སོ།། དེ་གཉིས
248b5 ཨུ་མེད་པ་ལས་སེམས་རིན་པོ་ཆེ་བྱེ་བ་མེད་པའི་དོན་བྱིན་ཅི་མ་ལོག་པའི་ཚི་ག་དང་ཡི་གེ་མཚོན་པ་ལས་འདས་པའི། རང་བཞིན་དང་ཁ་དོག་ཅིར་ཡང་སྟོན་ཅིང་། འགྱུར་བ་མེད་པའི་དབྱིངས་བདེ་བ་ཆེན་པོའི་གྲོང་ཡངས་པ་ན། རྟག་པ་ཆེན་པོ་གཡུང་དྲུང་གི་སྐུར་བཞུགས
248b6 སོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། ངེས་པའི་ཚིག་བསྟན་པའི་ལེའུ་སྟེ་སུམ་ཅུ་བདུན་པའོ།། ལེའུ་འདིས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་ཡོན་ཏན་བསྟན་ཏེ། བྱང་ཆུབ་སེམས་བསྒོམ་པའི་དོན་བསྟན་པ། གཞུང་ལས་ཀྱང་ཁམས
248b7 གསུམ་རིན་ཆེན་རྙེད་པའི་མི་ཞེས་འགྱུར་བ་ནི། དཔེར་ན་བྱང་ཆུབ་སེམས་རྨད་དུ་བྱུང་བའི་དོན་རྟོགས་པ་ནི། མཆོད་དང་མཆིང་དུ་ནོར་བུ་རི། ནོར་ཆེ་བ་ལང་བེ་ཌཱུརྱ་ལུག་ཤིག་ཙམ་ཞིག་གི་འོད་ཀྱིས། རི་དེ་རིལ་ཀྱང་ནོར་བུའི་རི་དེ་ཀུན་བཻ་ཌཱུཎྱེར་མངོན་ནོ།། དེ་དང་འདྲ་བར
iiif viewer powered by OpenSeadragon
248a - 249a