| | e-texts navigator
|
247b1 བ་མེད་པ་ལྟར་བསྟན་པ་ལ་ཡང་དོ་བྷྱཏྟེ། ཐབས་དང་ཤེས་རབ་བསྒོམས་པས། རིགས་སྒྲའི་སངས་རྒྱས་ཀྱི་སུ་མདོག་དང་། བཞུགས་བྲལ་བསྟན་པ་དང་། དབྱིངས་དང་སོགས་པསས་\ུ0f7fས་རྦའཾ་དངས་པོ་དང་ཐཱལ་ཏེ།། རིག་དུ་ན
247b2 ཐགས་པ་འོད་ཀྱི་དཀྱིལ་འཁོར་དུ་བཞིན་པ་དང་། ཤེས་པ་དང་ཤེས་ཀྱི་རྟོགས་པས་སངས་རྒྱས་ཀྱི་དགོངས་པ་མ་འདྲེས་པར་ཐུགས་སུ་ཆུད་པར་བསྟན་པ་དང་། ནམ་མཁའ་ལྟར་ཀླན་ལ་ཁྱབ་ཀྱི་དོགས་དཔ་ཁོར་བའི་ཆོས་མེད་པར་སྙན་པ་དང་། རང་རེག་པ
247b3 སེམས་ཀྱི་རྟོགས་པའི་འབྲས་བུ་དུས་གསུམ་དུ་མི་འགྱུར་བར་བསྟན་པའོ།། བྱང་ཆུབ་སེམས་ཁྱབ་གང་ལ་ཆེན་པོར་བསྟན་པ་ལ་ཡང་དྲུག་སྟེ། གསང་བ་མཆོག་གི་དཀྱིལ་འཁོར་དུ་ནི་དོན་རྟོགས་པས། ན་ར་ཧ་སའི་དབྱིངས་བགྲོད་པར་བསྟན་པ་དང་།
247b4 འདུ་འབྲལ་མེད་པའི་དོན་བྱ་བཙལ་དང་བྲལ་བར་བསྟན་པ་དང་། ལུང་གི་ཤ་ཟང་རྩེ་ནས་མན་ངག་གི་དབྱིངས་བགྲོད་པར་བསྟན་པ་དང་། དམ་ཚིག་སྒོམ་པ་ལ་གནས་ཤིང་སྐུ་གསུང་ཐུགས་ཀྱི་འབྲས་བུ་ཐོབ་པར་བསྟན་པ་དང་། རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི
247b5 གཏེར་བྱང་ཆུབ་སེམས་རྨད་རུབྱུང་བ་ཡིན་པར་བསྟན་པ་དང་། རྒྱུ་འབྲས་ཆོས་ཐམས་ཅད་ཇི་ལྟར་བསྟན་པ་ཡང་། སེམས་མི་སྐྱེ་བ་ལས་སྐྱེ་བའི་ཆོ་འཕྲུལ་འབྱུང་བར་བསྟན་པའོ།། བྱང་ཆུབ་ཀྱི་སེམས་མྱ་ངན་ལས་འདས་པར་བསྟན་པ་ལ་ཡང་དོན་གསུམ
247b6 ཡེ་ནས་སངས་རྒྱས་ཏེ་མྱ་ངན་ལས་འདས་པའི་དབྱིངས་ན། མི་དམིགས་པའི་རྒྱལ་པོ་ཕྱོགས་མེད་པར་བཞུགས་ཀྱང་། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཇི་ལྟར་མཛད་པར་བསྟན་པ་དང་། ཐམས་ཅད་དག་པའི་ཞིང་དུ་སྒྲོལ་ཞིང་ཡུམ་གྱི
247b7 ལྷུམས་སུ་སྦྱོར་བས། ཁམས་གསུམ་ལས་འདས་པ་ཆེན་པོར་བསྟན་པ་དང་མི་འཕོ་མི་འགྱུར་མི་འཁོར་མི་གནས་པས། སེམས་རིན་པོ་ཆེ་ཀུན་ཏུ་བཟང་པོའི་ངང་ལས་གཡོས་པ་མེད་པར་བསྟན་པའོ།། བྱང་ཆུབ་སེམས་སྟོང་པ་ཆེན་པོ་རལ་བཟླས་པ
iiif viewer powered by OpenSeadragon
247a - 248a