e-texts navigator
Collection
Volume
Page
Wylie

245a1 ཐས་པསྒྲག་ས་ཐུགས་སུ་བསྟན་པ་ན།། དེནས་པར་བྱུ་ག་པ་ད་བ་གྲགས། འགྱུར་བ་འི་དབས་པ་ད་ནབྱས་སོ།། བས་སབྱསས་ས་སྒྲ་བྱུང་།། རྒྱུན་ཏུལ་ཆུ་སམ་དྨ་སྣང་གས་བྱུང་།
245a2 སྙིང་པོ་བྱང་ཆུབ་སུ།། སྐུ་ཚོགས་འབྱུང་བས་ཡེ་ཤེས་ཆོས་ཉིད་སྟེ།། ཞེས་འབྱུང་བ་ལ་སོགས་པས། སྔགས་ཆེ་བའི་ཡོན་ཏན་བྱེད་པར་དབྱུང་སྟེ། དཔག་པས་བདེ་གཤེགས་ཆོས་དབྱིངས་སུ།། ཆོས་ཀྱི་བུ་དེ་ཡེ་ཤེས་ཀྱི་འོད་འབྱུང་བའོ།། དེ་ལྟར་འོད
245a3 གསུམ་གྱི་སྟོང་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་འོད་ཀྱིས་འཇིག་རྟེན་ཁམས་མ་ལུས་པ་ཀུན་ལ་ཁྱབ་སྟེ། སྟོང་པ་ཆེན་པོར་བཤད་པའོ།། རྨད་དུ་བྱུང་བ་སངས་རྒྱས་ཀྱི་འོད་ནི་བསམ་གྱིས་མི་ཁྱབ་པའོ།། དེ་ནི་ཡེ་ཤེས་ཀྱི་འོད་དེ། དེས་བྱང་ཆུབ
245a4 བྱུང་བ་མཐོང་བར་བྱེད་པས། རྨང་དུ་བྱུང་བའི་འོད་ཅེས་བྱའོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས། ཡང་ཀུན་རིག་ཆོས་ཀྱི་རྗེལ་ཞུས་པ།། ཆོས་ཀྱི་སྐུ་དང་ཡེ་ཤེས་ལས། འོད་འབྱུང་བ་ན་ཇི་ལྟ་བུ་ལགས་ཞེས་གསོལ་པ་དང་། སངས་རྒྱས་ཀྱིས་གཟུང
245a5 པ། འདི་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོ་དག་ཏུ་བྱས་ནས། ཆོས་ཀྱི་སྐུར་སྟོན་པ། རྨད་དུ་བྱུང་བའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྤྱིའི། ཡེ་ཤེས་ཀྱི་འོད་དེ་དེ་ཙམ་མོ།། དེ་བཞིན་ཡེ་ཤེས་འོད་ཀྱང་བསམ་མི་ཁྱབ།། སྲེད་གསུམ་རྣམ
245a6 མཁའི་ཁམས་པས་འོད་ཕུད་གསལ།། བསྐལ་བའི་ཞིང་གི་རབ་འབྱམས་ཇི་ཙམ་གྱི།། སེམས་ཅན་ཀུན་ལ་ཐུགས་རྗེའི་འོད་དེ་ཙམ།། སྤྱོད་དང་མི་སྤྱོད་གཡོ་དང་མི་གཡོ་ཞེས་བཀའ་སྩལ་ཏོ།། བློ་དང་ཡེ་ཤེས་རིག་པའི་འོད་ཀྱང་རྨད་དུ་བྱུང་བའོ།། དེ་སྙེད
245a7 དུ་སངས་རྒྱས་ཀྱི་འོད་འབྱུང་བ་ནི་ཆེའོ།། རང་རིག་པའི་ཡེ་ཤེས་ཀྱི་འོད་འབྱུང་བ་ནི་ཤིན་ཏུ་གསལ་ལོ།། དེའི་ཕྱིར་ནམ་མཁའ་དང་ཉི་ཟླའི་འོད་འདྲ་བ་མ་ཡིན་པས། འོད་ནི་ཀུན་དང་ཐུན་མོང་མིན་ཞེས་བཀའ་སྩལ་ཏོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས།




iiif viewer powered by OpenSeadragon

244b - 245b

Texts on this page

Gdg025.20 - bde ba chen po byang chub kyi sems rmad du byung ba'i le'u