| | e-texts navigator
|
244a1 ཅེས་བཀའ་སྩལ་ཏེ། དེ་ཡང་ཐུགས་གསང་བ་ཉིད་ཀྱི་རྒྱུད་ལས། ནམ་མཁའི་སྐུ་ལས་རྨད་དུ་བྱུང་།། ནམ་མཁའི་གསུང་གི་ལ་མ་སྟོན་པ།། ནམ་མཁའི་ཐུགས་ནི་ཐུགས་ཀྱི་མཆོག། ནང་བྱུང་ནམ་མཁའ་གནས།
244a2 ཀྱི་མཆོག། ཅེས་འབྱུང་སྟེ། དེ་ལྟར་ནམ་མཁའི་སྐུ་གསུང་ཐུགས་བཤད་ནས་སའི་སྐུ་གསུང་ཐུགས་བཤད་པ་ནི། སའི་སྐུ་ནི་རི་རབ་སུམ་ཅུ་ཕྲག་དགུ་ཡིན་ལ། བསྐལ་པ་ཞིང་གི་རྡུལ་སྙེད་འབྱུང་བ་དེ་ཀུན་རྨད་དུ་བྱུང་བའི་ས་ནི་སྟོང་གསུམ་གྱི་སྟོང་ཆེན་པོ། སའི་འཇིག
244a3 རྟེན་ཡང་རི་རབ་སུམ་ཅུ་ཕྲག་དྲུག་ལ། རི་རབ་འབུམ་ཡོད་དེ། དེའི་བསྐལ་པ་ཞིང་གི་རྡུལ་སྐེད་གཅིག་གི་ཚད་ལ་ནི། བྱང་ཆུབ་སེམས་རྨད་དུ་བྱུང་བའི་ཚད་དཔག་ཏུ་མེད་པ་ནི་རི་རབ་དང་གླིང་རྣམས་དངས་གཞི་དང་སྣང་ཞིང་སྲིད་པ་རྣམས་ཀྱི་ནང་ན། སྡང་ཞིང་སྲིད་པའི་སྐྱེ་འཕོ
244a4 རྣམས་དང་། དེ་ཀུན་ཟོས་ཀྱང་དདུངངམ་ཟོས་ཞེས་དེ་ལྟ་བུ་ལ་བྱའོ།། བྱང་ཆུབ་སེམས་རྨད་དུ་བྱུང་བའི་ཉམས་པ་བསྐང་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། ། དེ་ནས་རྨང་དུ་བྱུང་བའི་སྲ་ལས་མེའི་འོད་དུ་འབར་ཏེ། འདོད་ཆགས་འོད་དུ་འབར། ཞེ
244a5 འོད་དུ་འབར། དེ་རྒྱལ་འོད་དུ་འབར།། ཕྲག་དོག་འོད་དུ་འབར། གཏི་མུག་འོད་དུ་འབར། དེ་བཞིན་དུ་ཕུང་པོ་ལྔ་ཉིད་སྐུ་ལྔ་སྟེ། འོད་དུ་འབར་བ་དེ་ཡང་། བྱང་ཆུབ་ཀྱི་སེམས། རྨད་དུ་བྱུང་བའི་སྐུ་ལྔ་སྟེ། བདག་ཉིད་ལས་འོད་དུ་འབར་མའོ།།
244a6 དེ་བཞིན་དུ་རྣམ་པར་ཤེས་པ་ལྔ་ལེས་ཀྱ་འོད་དུ་འབྱུར་ཏེ། མི་ག་དང་། ན་བ་དང་། དང་། སྐྱེ་དང་། སེངས་ལས་རྗོད་དེ་པ་སམ།། དེ་བཞིན་ཀྱིའི་ཡུལ་ལས་ང་ཡོ་དུ་བར་ང་། ས་ནམ་མཁའ་ལས་འོད་འབར་ར།
244a7 དེཀུན་པས་ཅང་འབྱུང་བའི་བྱང་ཆུབ་སེམས་རིང་རིག་པའི་རྒྱལ་པོ་འདི་ལས་བྱུང་བ། འོད་ཆེན་པོ་ཡེ་ཤེས་ཀྱི་འོད་ཆ་ཞིང་གསལ་བས། འཇིག་རྟེན་གྱི་ཁམས་ཅན་པ་ངའི་རིག་པའི་འོད་ལས་བྱུང་ཤིང་གསའ་བཞིས་བྱའོ།། དེ་ལས་འཁར་བའི་མུན་ནག
iiif viewer powered by OpenSeadragon
243b - 244b