e-texts navigator
Collection
Volume
Page
Wylie

243b1 མི་དད་པ། གཉིས་སུ་མེད་པར་རིག་ལ་རིག་པར་བྱེད་པ་ནི་སྦྱོར་བའོ།། གྲོལ་བ་ནི་ལུས་དང་ངག་དང་སེམས་དབྱེར་མེད་པ་ནི་རྡོ་རྗེའོ།། རྡོ་རྗེ་ནི་གང་ན་ཡང་མི་གནས་པ་དང་། ཆོས་ཐམས་ཅད་གང་ན་ཡང་མི་གནས་པ་ཉིད་དུ་གྱུར་པ་ཉིད་སྒོམ་པའོ།། །
243b2 པོ་རྨད་དུ་བྱུང་བའི་གསང་བའི་རྒྱུད་དུ་གྱུར་པས་གསང་བ་ཆེན་པོའི་བུམ་སྡེ་ལས། རྡོ་རྗེ་སེམས་དཔའ་རིག་པར་བསྟན་པ། གསང་བ་ཐམས་ཅད་ཀྱི་གསང་བའི་མཆོག། རྨད་དུ་བྱུང་བའི་མན་ངག་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། ། ལེའུ་འདི
243b3 རྨད་དུ་བྱུང་བའི་དོན་སྐྱོན་ཐམས་ཅད་ཉམས་པ་བསྐང་བའི་དོན་བསྟན་ཏེ། རྡོ་རྗེ་སེམས་དཔས་སྟོན་པ་ལ་ཞུས་པ། ཆོས་ཆེན་པོ་རྨད་དུ་གྱུང་པའི་ཐུགས་རྗེ་ཆེན་པོ་ཇི་ལྟ་བུ། ཀུན་རིག་ཆོས་ཀྱི་རྗེ་སྟོན་པས་བཀའ་སྩལ་པ། སྟོང་རི་གནམ་ལྕགས་ཐོག་ཆེན་གྱིས།
243b4 སྐྱོན་གྱི་གངས་རིའི་རྩེ་ནས་བཅོམ།། བདུད་རྩིའི་རྒྱ་མཚོ་ཞུ་ནས་བསྐྱིལ།། ཏཱི་འཛིན་འབུམ་ཕྲག་ཡངས་པས་འདི།། འདིས་ནི་ཉམས་པ་མེད་པའོ།། ཡང་རྡོ་རྗེ་སེམས་དཔས་སྟོན་པ་ལ་ཞུས་པ། ཐུགས་གསང་བའི་རྒྱུན་འདི་གང་ལས་གསུངས་པ། རི་རབ་སུམ
243b5 ཅུ་ཕྲག་དགུའི་བསྐལ་བ་ཞིང་གི་རྡུལ་སྙེད་ཀུན་ཞེས་ཞུས་པས། སྟོན་པ་ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་དང་། རྨད་དུ་བྱུང་བའི་དོན་ཀུན་གཅིག་སྟེ།། རི་རབ་སུམ་ཅུ་ཕྲག་དགུ་ཡང་།། རྨད་བྱུང་བྱང་ཆུབ་སེམས
243b6 འདི་ཡིས།། སྒོམ་པ་རྡོ་རྗེས་རྩེ་མར་བརླག། ཅེས་གསུངས་སོ།། དེའི་ཕྱིར་བྱང་ཆུབ་རྨད་དུ་བྱུང་བའི་སྐུ་ནི། སྟོང་སྤྱི་ཕུད་ཅེས་བྱའོ།། གསུང་ནི་ཡེ་ཤེས་མཁའ་ལ་རོལ་ཞེས་བྱའོ།། ཐུགས་ནི་ནམ་མཁའི་སྤང་པོ་ལ་རྡོ་རྗེའི་བཟང་གི་དྲ་ཞེས་བྱའོ།། དེ་ཡང་རྨང་དུ་བྱུང་བའི་སྐུ་ནི།
243b7 སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ་ཞེས་བྱའོ།། རྨད་དུ་བྱུང་བའི་གསུང་ནི་སྙིང་པོ་བྱང་ཆུབ་ན་བཞུགས་པ་ལས། དགོངས་པ་ངེས་པར་འགྲེལ་པ་ཞེས་བྱའོ།། རྨད་དུ་བྱུང་བའི་ཐུགས་ནི་མཚན་ཉིད་ཡེ་ཤེས་མི་ཟད་པའི་བློ་སྨོས་ཀྱི་ཐུགས་ཏེ། ཡེ་ཤེས་ཞུགས་ཏེ་ཐུགས་ཀྱི་མཆོག




iiif viewer powered by OpenSeadragon

243a - 244a

Texts on this page

Gdg025.20 - bde ba chen po byang chub kyi sems rmad du byung ba'i le'u