e-texts navigator
Collection
Volume
Page
Wylie

242a1 དེ་ནས་སབ་ཅུ་མནན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ལྐུགས་ནས། ཡང་འདི་སྐད་ཅེས་གསུངས་སོ།། ཕ་རོམ་ཕྱིན་བཅུ་ལྡན་གྱིས་རྫོགས་པ་ལི།། བྱང་ཆུབ་སེམས་འདི་རྒྱུང་དུ་བྱུང་།། རྨད་བྱུང་བྱང་ཆུབ་སེམས་ཅད།
242a2 ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ཆོས་ཐམས་ཅད་ཀྱི་མཛོད་ཡིན་ནོ།། ཟད་མི་ཤེས་པའི་མཛོད་ཡིན་ནོ།། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། དེ་བཞིན་གཤེགས་པ
242a3 ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འདི་ཡིན་ནོ།། ཆོས་ཐམས་ཅད་ཀྱི་ཆོས་ཉིད་འདི་ནི་ངོ་མཚར་ཆེའོ།། བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་མཁྱེ་ནུབ་ཐོབ་པ་སྟེ་མཁྱེན་ཏོ།། སངས་རྒྱས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་སྟེ་ཡེ་ཤེས་སོ།།
242a4 ལུས་སས་རྒྱ་བབཅོམ་ལ་བ་ཏུ་ད་པས་སེམས་ལས་པན་གྱུ་མཚམ་ས་། ངགལས་པ་རྒྱ་ས་བརྒྱད་པསམ་ལས་ནས་སྤྱོད་པ།། ཕུལ་བར་རིགས་བཞིན་དུ། སོ་པ་འདོག་མེ་པར
242a5 ཐུགས་སུ་ཆུད་དོ།། ཡང་ངེས་དོན་འདི་བཀའ་སྩལ་ཏོ།། རྡོ་རྗེ་སེམས་དཔའ་ཡི་དམ་ལྷ་མེད་པས།། རྣལ་འབྱོར་དབང་ཕྱུག་གཞན་ལ་བརྟེན་མི་དགོས།། བྱང་ཆུབ་རྙེད་དཀའ་རྒྱལ་བ་ང་ཡི་སྐུ།། དུས་གསུམ་སངས་རྒྱས་རྣམས་ཀྱིས་རྟོགས་དཀའ་བ།།
242a6 རང་རིག་ཆེན་པོ་རྟོགས་དཀའ་ང་ཡི་དབྱིངས།། སངས་རྒྱས་གཞན་ན་ཡོད་པ་མ་ཡིན་ནོ།། ཡང་གསུངས་པ། ད་མི་མཉམ་པ་དང་མཉམ་པའི་ལྷག་པའི་ཡེ་ཤེས་དང་།། ཆེ་བའི་ཡོན་ཏན་རྫོགས་པའི་ཆོས་ཀུན་ཐུགས་སུ་ཆུད་པས་ཁམས་གསུམ་ལས་རྣམ
242a7 པར་རྒྱལ་པའི་བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་ཡིན་ནོ།། བྱང་ཆུབ་སེམས་རྨད་དུ་བྱུང་བའི་དེ་མཆོག་བརྒྱད་ནི། པ་ནས་མ་སྐྱེས་པ་དང་། ཡེ་ནས་མ་བྱུང་བ་དང་། ཡེ་ནས་མི་གནས་པ་དང་། ཡེ་ནས་སྟོང་པ་དང་། མེད་པ་དང་། ཕྱལ་བ་དང་།




iiif viewer powered by OpenSeadragon

241b - 242b

Texts on this page

Gdg025.20 - bde ba chen po byang chub kyi sems rmad du byung ba'i le'u