| | e-texts navigator
|
236b1 སེམས་ནི་ཇི་བཞིན་མཉམ་པ་ཡི།། སངས་རྒྱས་རྣམས་ཀྱི་རྣལ་འབྱོར་རོ།། ཡང་དགྲ་བདག་མེད་དེ་བཞིན་ཉིད།། ཡང་དག་ལ་མ་དེ་ཡི་གེ་མེད།། འགྲོ་བ་མེད་པས་ལཱམ་ཡང་མེད།། ཀུན་སྤྱོད་ཡོན་ཏན་རྣམ་ལྡན།། ཡེ་ཤེས་རོལ་པར།
236b2 བདག་ཉིད་ཡིན།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། སངས་རྒྱས་འབྱུང་བའི་ཡེ་ཤེས་ལམ།། སྐུ་གསུང་ཐུགས་ཀྱི་བྱང་ཆུབ་སེམས།། བྱང་ཆུབ་སེམས་ནི་ཐར་པའི་ལམ།། འཁོར་བའི་ཚ་མཚེ་མཐེའི་རིང་ལས།། སྣརོན
236b3 ཡོངས་སེམས་ཅན་གནས་པའི་ལམ།། བྱང་ཆུབ་སེམས་ནི་ཐབས་ཆེན་གྱིས།། གསང་བ་འབའ་ཞིག་ལས་སུ་རུང་།། མཆོད་པ་ཆེན་པོ་བདེ་བ་ཆེ།། འདོད་ཆགས་ཆེན་པོ་དགའ་བའི་མཆོག། མཆོད་པ་ཆེན་པོ་ཞེ་སྡང་ཆེ།
236b4 ཞེ་སྡང་ཆེན་པོ་རྫོགས་སངས་རྒྱས།། མཆོད་པ་ཆེན་པོ་གཏི་མུག་མེ།། གཏི་མུག་བློ་སྟེ་གཎྜཱི་མུག་སེལ།། མཆོད་པ་ཆེན་པོ་ཟག་དོག་ཆེ།། མུག་དོག་ཆེན་པོ་དགའ་བས་དགའ། མཆོད་པ་ཆེན་པོ་ང་རྒྱལ་ཆེ།།
236b5 རྒྱལ་ཆེན་པོ་རྒྱལ་བས་རྒྱལ།། གྲེ་སེམས་དཔའ་ཆེན་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་རྡོ་རྗེ་རོལ་པ་མཛད་པའི་དོན་དུ། བྱང་ཆུབ་སེམས་དཔའ་རོལ་པའི་ཡུལ་མ་གཏོགས་པར། དམྱལ་བའི་ཡུལ་ལ
236b6 མེད་དོ།། དམྱལ་བའི་རྒྱུ་མ་དུ་ངྱས་། བྱེསེམས་དཔ་བེན་དེ། སྐྱེས་པའི་མས་རྣམས་ལ། ནམ་ཡིང་སྐྱེ་བར་མི་གྱུར་རོ།། སངས་རྒྱས་དང་སེམས་ཅན་གྱི་གནས་ནི་གཉིསས་མེདདེ
236b7 གཅིག་པའོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ནི། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པ་ཉིད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ
iiif viewer powered by OpenSeadragon
236a - 237a