| | e-texts navigator
|
233b1 བྱུ་བ་གཅིག་ཀྱང་མེད་དེ། སྐྲ་དང་ཐུགས་ཉིད་གསུང་།། གསུང་དང་རྒྱགས་ཉིད་ཀུར་ཏེ། གསུང་སྤྲུལ་པའི་སྒྲ། ཐུགས་སྙིང་པོ་བྱང་ཆུབ་མཆོག་གིས། སུ་ལོངས་ཁྱོད་རྫོགས་པ་བྲུའོ།། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམང་གྱི་ང་ད།
233b2 ནི། རྨད་དུ་བྱུང་བ་འདི་ཉིད་ཡིན་པར་རིག་པར་གྱིས་ཤིག། ཡེ་ནས་ཡོད་ཅིང་རྟག་པར་བཞུགས།། རང་བྱུང་ཆེ་བ་བདག་ཉིད་སྐུ།། ཡེནས་དག་པ་ཆོས་ཀྱི་སྐུ།། བདག་ཉིད་ལེ་ནས་སྤུན་གྱིས་གྲུབ།། འགྱུར་བ་མེད་པ་བསོད་ནམས་རྦ།། ལེགས
233b3 རྫོགས་བསྐུལ་བའི་སྐུ།། ལྷུན་གྱིས་རྫོགས་པ་ལོངས་སྤྱོད་རྫོགས་པའི་སྒྲ།། བྱ་བཙལ་མོད་པས་སྙིང་པོ་བྱང་ཆུབ་སྒྲ།། སྐུ་གསུང་ཐུགས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། ལེའུ་འདིས་བྱང་ཆུབ་སེམས་ཀྱི་སྤྱོད་པ་དང་། ཕྲིན་ལས
233b4 ཁྱད་པར་ཆེན་པོ་བསྟེན་ཏེ། སེམས་དཔའ་ཆེན་པོ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ནི་རྡོ་རྗེ་ཐེག་པ་ཆེན་པོ་ཉིད་དོ།། སྙིང་རྗེ་མེད་པར་གསོད་པ་དང་།། འཇིགས་པ་མེད་པར་སྦྱོར་བ་དང་།། གཙང་སྦྲ་མེད་པར་ཟ་བ་དང་།། རང་གི་ཁུབས་རང
233b5 མཆོད་པ།། རྡོ་རྗེ་ཐེག་པའི་ཆོས་ཉིད་ཡིན།། སེམས་ཅན་བརྩེ་བ་མེད་པ་དང་།། མ་བྱིན་ལེན་དང་མི་ཚངས་སྤྱོད།། གཞན་ལ་སྤོང་བར་མི་བྱེད་པ།། འདིའིནི་རྡོ་རྗེ་ཐེག་པའི་དམཆོག་སྟེ།། འདི་ནི་རང་བྱུང་བྱང་ཆུབ་སེམས།། བདེ་བ་གསལ་བའི་འཁོར།
233b6 ལོ་ལ།། རྒྱལ་བ་བདག་ཉིད་རྟག་པར་བཞུགས།། རྡོ་རྗེ་ཐེག་པ་གསང་བ་རྨང་དུ་བྱུང་བའོ།། གང་ཞིག་བྱང་ཆུབ་མཆོག་འདོད་པ།། རྟག་ཏུ་བདག་ཉིད་མཆོད་པར་བྱ།། མཆོད་པ་ཀུན་གྱིས་རབ་ཏུ་མཆོད།། ཡིད་བཞི་འཛིན་ཆེན་ལ་སོགས་རྣམས།། སངས
233b7 རྒྱས་འདོད་ན་བདག་ཉིད་མཆོད།། སངས་རྒྱས་ཞིང་ཁམས་ཐམས་ཅད་དུ།། བདག་ཉིད་ཀུན་གྱི་ལྷ་ཡིན་པས།། ཀུན་གྱི་མཆོད་པས་བདག་ལ་མཆོད།། སེམས་ཅན་ཐམས་ཅད་བསད་ན་ནི།། རྒྱལ་བ་མཉེས་ཏེ་སྲས་སུ་སྐྱེ།། འདོད་ཆགས་འདོད་པ་རྟག་ཏུ
iiif viewer powered by OpenSeadragon
233a - 234a