| | e-texts navigator
|
232a1 དགནམས་ཅད་ནིང་ཉིད་ཀྱི་སྤྲུལ་ལོ།། བརླབས་གནས་ས།། གཞལ་ལས་ཀྱང་།། ན་གཐམས་ཅནན་མས། རིགསུང། དཏུགས་སོ།། ཏོ་སུ་གྱུ་ཐུན་པ་ཡོང་ཏ་ག་ས་ད
232a2 ཐམས་ཅད་ནི་སངས་རྒྱས་ཀྱི་རྫོགས་པ་ཆེན་པོ་ཉིད་དོ།། བྱང་ཆུབ་ཆེན་པོར་རྫོགས་པ་ཉིད་དོ།། སངས་རྒྱས་ཀྱི་ཞིང་བདེ་བ་ཆེན་པོ་ཉིད་དོ།། བྱང་ཆུབ་ཀྱིས་ཉིད་དོ།། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ།། པུ་མདང་བྱུང་བ་ཉིད་ཡིན་ནོ།།
232a3 རྨད་དུ་བྱུང་བ་ཉིད་དོ།། ཐུགས་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ཆོས་རྨད་དུ་བྱུང་བ་ཉིད་དོ།། གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། རོལ་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། མཛད་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། རྫུ་འཕྲུལ་རྨང་དུ་བྱུང་བ་ཉིད་ཡིན་ནོ།། བྱང་ཆུབ་སེམས་རྨད་དུ
232a4 ཉིད་ཡིན་ནོ།། སངས་རྒྱས་ཀྱི་ས་ཆེན་པོ་ནོན་པ་རྨད་དུ་ཟུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་ཀྱི་ལྟ་བ་མཐིར་ཕྱིན་པ་ཡང་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་སྤྱོད་པ་མཐར་ཕྱིན་པ་ཡང་ཆོས་ཆེན་པོ་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སྟོན་པ་ཕུན་སུམ་ཚོགས་པས
232a5 བསྟན་པ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། ཉན་པ་ཕུན་སུམ་ཚོགས་པས་ཉན་པོ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོ་ཡང་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།།
232a6 འདོད་པའི་ཡོན་ཏན་ལྔའི་མཚན་ཉིད་ཀྱང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོ་མཐར་ཐུག་པ་ཉིད་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའི་ཆོས་ཉིད་ལ་རོལ་པའི་ཆོ་འཕྲུལ་གྱིས། ཆོས་ལ་ཆོས་ཀྱི་འཁོར
232a7 ལོ་བསྐོར་བའི་ཆོས་ཀྱི་འཁོར་ལོ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ཀྱང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། ཆོས་ཀྱི་གསུང་ལམ་ཡང་རྨང་དུ་བྱུང་བ་འདི་ཉིད་ཡིན་ནོ།། ཆོས་ཀྱི་འཁོ
iiif viewer powered by OpenSeadragon
231b - 232b