| | e-texts navigator
|
230b1 ཐོས་པའི་བར་བྱེད་ཡིན་ནོ།། ཆེན་པོ་བཞི་ལས་བྱུང་བའི་བདག་རྣམས་དང་། རྣམ་བྱ་ཚོགས་སུ་སུ་བ་དང་། བར་སྤང་ལ་སྟོན་གྱི་ལ་དག་ས་སོར་སྣང་བ་དང་། འདྲ་རྩོ་ཀྱི་འདག་འབྱུང་བ་དང་། གསས་སུའི་རྒྱུ་དང་། ལ་ནས་སྣང་དང་ཆུ
230b2 པ་ཡིན་གྱི། ནམ་མཁའ་དང་། ཁ་དོག་ཀྱང་ཆེན་པོ་དང་བཞིའི་མདུ་ལས་བྱུང་བ་ནི་མ་ཡིན་ནོ།། སྐྲ་དཀར་ན་ནམ་མཁའ་ཡང་དཀར། སྐུ་མདོག་ཇི་ལྟ་བ་བཞིན་དུ་ནམ་མཁའི་མདོག་ཀྱང་དེ་དང་འདྲ་བ་དང་། ཆེན་པོ་བཞི་ལས་བྱུང་བའི་སྐྱེ་བ་རྣམས་ཀྱི་ཁ་དོག་རྣམས།
230b3 ཀྱང་དེ་དང་འདྲའོ།། དེ་བཞིན་གཤེགས་པའི་སྒྲ་ནི་ཆེན་པོ་ལྔ་ལས་བརྟེན་ཅིང་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་འམ། སྐྱེ་བ་བཞི་ལས་སྐྱེས་པ་ནི་མ་ཡིན་ནོ།། འབྱུང་བ་ཆེན་པོ་བཞི་དང་འབྱུང་བ་ལས་གྱུར་པ་ཐམས་ཅད་དང་། སྐྱེ་བ་རྣམ་པ་བཞིའི་གནས
230b4 སྐྱེས་པའི་སེམས་ཅན་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་ལུས་པ་མེད་པ་རྣམས་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཉིད་ལས་བྱུང་ཞིང་། སྐུ་གསུང་ཐུགས་ཀྱི་རོལ་པ་ཆེན་པོ་རྣམས་སྤྱིར་ཡང་རོལ་ཅིང་།
230b5 ཆོས་ཐམས་ཅད་ལ་མངའ་མཛད་པ་དང་། ཆོས་ལ་རོལ་པ་ཆེན་པོ་རྟག་ཏུ་མཛད་པའི་དོན་དུ་དེ་བཞིན་གཤེགས་པས་མཛད་དོ།། ཆེན་པོ་ལྔ་མེད་པའི་སྔོན་རོལ་ན། དེ་བཞིན་གཤེགས་པའི་སྐུ་ནི་རང་བྱུང་སྟེ། སྐུ་འཐུགས་ཤིང་གསུང་གི་འད་ལ་རོལ་ཏོ།། མ
230b6 ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་ཀྱི་སེམས་པ་ནས་མཉམ་པ་དང་མི་མཉམ་པར་བསྟན་པའི་ལེའུ་སྟེ་དཀུ་པའོ།། ། ལེའུ་འདིས་བྱང་ཆུབ་སེམས་གསང་བདམ་པ་བསྟན་ཏེ། སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་གསང་བ་རྨད་དུ་བྱུང་བ་འདི་ནི
230b7 ཆོས་ཐམས་ཅད་དང་སྟོང་གསུམ་གྱི་སྟོང་ཅན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་སུ་མེད་པ་རྣམས། སངས་རྒྱས་ཀྱི་མཛད་པ་གསང་བརྨད་དུ་བྱུང་བའོ།། སངས་རྒྱས་ཉིད་ལས་བྱུང་བས་གསང་བ་ཟད་དུ་བྱུང་བའོ།། སངས་རྒྱས་ཉིད་ལས་སྐྱེས་པས་གསང་བ་མང་དུ
iiif viewer powered by OpenSeadragon
230a - 231a