e-texts navigator
Collection
Volume
Page
Wylie

22a1 བཟང་མ་། གཔགས་འ་ས་བར་བའོ།། ནས་པར་དག་པར་མ་བྱར་ཆུད་སྲམ་ས་ཅས་ཏགགཅག་ཡིན་པས་རག་ཏིང་ག་འདྲུས་སངས་རྒྱས་རུང་བ་མ་བྱ་མམ་དངས་གནས་སུམ་པ་བུའོ།། དབ་པ་གང་ངང་འགགས་པར་ནས་ལུང་དུ་ས་ཤེས
22a2 སྙིང་གི་དཀྱིལ་ན་སངས་རྒྱས་བཞུག་པས་རང་བཞིན་ལྷུན་གྱི་གྲུབ་པའི་སངས་རྒྱས་ཡིན་ནོ།། སངས་རྒྱས་ཆོས་ཀྱི་སྐུ་རྟེན་པ་རང་གི་ལུས་ལ་བསྟན་ནོ།། བཞུགས་པ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ།། གསལ་བ་རང་གི་མིག་ན་ཕར་གསལའོ།། སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། སངས་རྒྱས་ཀྱི་མཚན་བསྟན་པའི་ལེའུ་སྟོགསུམ་པའོ།།
22a3 ཡང་གསང་བའི་བདག་པོས་འདི་སྐད་ཅེས་ལུས་སོ།། དེ་ནས་ཡང་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་རང་གི་ཡེ་ཤེས་རང་ངོ་ཤེས་པ་དེ་སངས་རྒྱ་པ་ལ་གསུམ་མོ།། འདུག་པ་དང་གྲོལ་བ་དང་མཐའ་བྱིན་པའོ།། འཇུག་པ་ལ་གཉིས་ཡིན་ནོ།། དག་སྐར་རང་ལ་ཚུང་འཇུག་པ་ནི། རང་འཆི་བའི
22a4 ཚེ་རང་གི་སངས་རྒྱས་རང་ལ་འཆར་བ་དེ་ཡིན་ནོ།། རང་ཕར་ལ་འཇུག་པ་ནི། རང་གི་སངས་རྒྱས་འཆར་བའི་ཚེ་རང་ངོ་ཤེས་པས་སངས་རྒྱ་བའོ།། རང་གི་རང་བཞིན་གྱིས་འོད་གསལ་ལ་དུས་རྟག་ཏུ་བལྟ་བའོ།། གྲོལ་བ་ལ་གསུམ་ཡིན་ནོ།། རིག་པོ་སྦུབས་ནས་འཐོན་པས་ཕྱི་ནང་གི་ཆོས་ཐམས་ཅད་ཀྲོལ་ལོ།། རིག་པ་སེམས་དང་བྲལ་བས
22a5 གཟུང་འཛི་གྱི་རྣམ་པར་རྟོག་པ་ལས་གྲོལ་ལ།། རིག་པ་རང་ལུས་ཐོབ་ནས། རང་གི་ཡེ་ཤེས་རངས་འཛིན་ནས། མ་རིག་པ་རིག་པའི་ཡེ་ཤེས་ས་གྲོལ་ལོ།། མཐར་བྱིན་པ་སངས་རྒྱས་ནས་སེམས་ཅན་དུ་མི་ལྡོག་པའོ།། སངས་རྒྱས་རང་མས་ཀྱི་རྒྱུད་ལས་གྲོལ་ཚུལ་བསྟན་པའི་འིའུ་སྟེ་བཞི་པའོ།། དེ་ནས་ཡང་གས་པའི་བདག་ངོས་འདིན་།
22a6 ནུས་པ། ཨེ་མཧོ།། བདེ་གཤེག་དོད་ཀྱི་ཕུང་པོ་ཆེན་པོ། སངས་རྒྱས་ཀྱི་ཡིན་པ་གསུམ་གསུང་དུ་གསོལ། ཅེས་ཞུས་སོ།། དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། གསང་བའི་བདག་པོ་བྱས་པའི་ཆོས་ཀྱི་མ་བྱས་པའི་སངས་རྒྱས་ཐོབ་པ་མིན་ནོ།། སངས་རྒྱས་འདས་མ་བྱས་པ་ཡིན་པས་བྱས་པའི་ཆོས་ཀྱི་སངས་རྒྱས་ཐོབ་པ
22a7 མིནནོ།། དེ་ནས་གསང་བའི་བདགེ་པོས་ཞུས་པ། རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ།། སང་ས་རྒྱས་ཀྱི་ཡིན་པ་གསུམ་གསུང་དུ་གསོལ། ཅེས་ཞུས་སོ།། རང་གི་རིག་པ་འོད་ཕུང་ཆེན་པོར་བཞུག་པ་འདི་སངས་རྒྱས་ཀྱི་བདོའོ།། སངས་རྒྱས་ཀྱི་སྦལ་སྐུ་དང་ཡེ་ཤེས་རྒྱན་ཆད་མེད་པར་བཞུག་པ་ཡིན་ནོ།། རང་གི་རིག་པ་ལ་སྒེལ




iiif viewer powered by OpenSeadragon

21b - 22b

Texts on this page

Gdg025.5 - bstan pa thams cad kyi snying po sems can thams cad la sangs rgyas rang chas chen por bzhugs pa'i rgyud