e-texts navigator
Collection
Volume
Page
Wylie

229b1 དང་། སྲིད་པ་གསུམ་དང་། ཆེན་པོ་ལྔ་ལ་སོགས་པ་སྐྱེ་འགྲོ་ཐམས་ཅད་བདག་ཉིད་ལས་གྱུར་པར་ཐུགས་སུ་ཆུད་དེ། དེ་དག་རྣམས་ཅད་བདག་ལ་བསྡུས་ཤིང་། བདག་ཉིད་ད་མྱུར་བའི་ཆེ་བ་འིང་རྡུལ་མ།། ཕྲག་དོག་ནི་ཆོས་ཐམས་ཅད་བདག་གང་དུ་རང་ང
229b2 པ་ལས། ཐ་དད་པར་རྟོག་པ་དེ་བ་ཕྲག་དོག་པ་དང་། འདོད་ཆགས་གཏི་མུག་རྣམས་ཡེ་ནས་སྐུ་གསུང་ཐུགས་སུ་དབྱེར་མེད་པ་ལས། མཚན་ཉིད་སོ་སྔོར་འཛིན་པ་ལ་ཕྲག་དོག་པ་དང་། ཡང་དག་པའི་དོན་མ་ནོར་བར་གཏན་ལ་ཕབ་པ་ལ། ཕྱིན་ཅི་ལོག་ཏུ
229b3 རྟོག་པ་ལ་ཕྲག་དོག་པ་དང་། ཆོས་དེ་རྣམས་ཐམས་ཅད་བདེ་བར་གཤེགས་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པ་ལ་ཕྲག་དོག་པ་དང་། ཆེ་བའི་ལམ་ཡིན་པ་ལ་རྣམ་པར་ཐར་པ་མ་མཐོང་བ་ལ་ཕྲག་དོག་པའོ།། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་ཀྱི
229b4 སེམས་ཐར་པའི་ལམ་བསྟན་པའི་ལེའུ་སྟེ་བརྐྱང་བའོ།། ། ལེའུ་འདིས་བྱང་ཆུབ་ཀྱི་སེམས་ཡེ་ནས་མེ་མཉམ་པར་བསྟན་པ་སྟེ། ཛཱ་རྗེ་སེམས་དཔའ་དཔའ་བོ་ཁྱོད།། ཡང་དག་སངས་རྒྱས་ལ་མ་རིག་པས།། ནམ་མཁའ་ལྟ་བུར་སྐྱེ
229b5 མེད།། ནམ་དག་ཕུང་བ་ལྔ་ཡིས་བརྡལ།། སྣ་ཚོགས་ངེས་པ་ཁྱོད་ལས་བྱུང་།། ཁྱོང་ལས་མཐུང་གཅིག་ཀྱང་མེད།། སྣ་ཚོགས་འབྱུང་བ་ཀླན་གྱི་རྒྱུ།། སངས་རྒྱས་ཀུན་གྱི་སྤྲུལ་བའི་སྲ།། སངས་རྒྱས་བྱང་ཆུབ་བླན་མེད།། རྣམ་པར་དྲུག་པ
229b6 བདག་མེད་ཆོས།། ཡང་དག་ཡེ་ཤེས་ཐམས་ཅད་ལམ།། སྐྱེ་མེད་ཆོས་ཏེ་སྣ་ཚོགས་སྤྱོན།། འབྱུང་བ་རྣམ་པས་ཁྱོད་ལྔར་བྱུང་།། དོན་གཅིག་གཉིས་མེད་ཆོས་ཀྱི་དོན།། དམ་པའི་དན་ནི་འརིགས་པ་མེད།། ཁྱོད་ལས་མ་ཀྲུང་ཡི་གེ་མེད།། གས
229b7 སྔགས་དོནནི་དུ་བསྐྱེད་པ་རྣམས།། རྣམ་པ་ཀུན་ལྡན་རྣམ་པ་མེད།། ཡན་ལག་མེད་པའི་རྩིས་ལས་འདས།། སངས་རྒྱས་རྣམས་ཀྱིས་རྟོགས་བྱའོ།། ཐམས་ཅད་སངས་རྒྱས་ཉིད་ཀྱིས་མཛད།། སངས་རྒྱས་བྱང་ཆུབ་ཟན་མེད།། རང་གི་མོངས་སྤྱོད་ད




iiif viewer powered by OpenSeadragon

229a - 230a

Texts on this page

Gdg025.20 - bde ba chen po byang chub kyi sems rmad du byung ba'i le'u