e-texts navigator
Collection
Volume
Page
Wylie

228b1 ཡེ་ནས་མེད་པའོ།། ཆུབ་ཅེས་ཀྱབ་ནི་འདས་པ་དང་། མ་བྱུང་བ་དང་། ད་ལྟར་བཞུགས་པ་དང་། སྟོང་གསུམ་གྱི་སློང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་སུ་མེད་པ་ཐམས་ཅད་དོན་གཅིག་སྟེ། སླ་གསུང་ཐུགས་པས་མུ་གཏོགས་པ
228b2 རྡུལ་ཙམ་ཡང་མེད་ལ། ཆོས་ཐམས་ཅད་ཀྱི་དོན་དབྱེར་མེད་པར་ཐུགས་སུ་ཆུད་པ་ནི། ཀུན་ཆུབ་པའོ།། སེམས་ཅན་ཐམས་ཅད་སྐུ་གསུང་ཐུགས་སུ་དབྱེར་མེད་པའི་དོན་ལས་གཡོ་བ་མེད་པར་གསོལ་བ་ཉིད་ཀྱི་ཏིང་ངེ་འཛིན་ཉིད་དོ།། བྱང་ཆུབ་ཀྱི
228b3 སེམས་ཉིད་བསྟན་པའི་ལེའུ་སྟེ་བདུན་པའོ།། ། ལེའུ་འདིས་བྱང་ཆུབ་སེམས་རྣམ་པར་ཐར་པའི་ལམ་བསྟན་ཏེ། བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་ལ། རྣམ་པར་ཐར་པའི་ཕམ་དུ་མངའ་ཞེས་གསོལ་བ་དང་། སེམས
228b4 དཔའ་ཆེན་པོ་ཉོན་ཅིག་ཅེས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྣམ་པར་ཐར་པའི་ལམ་མ་ནོར་བ་ཆོས་ཉིད་རྣམ་པར་ཐར་པ་ལྔ་ཡོད་དོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་གོ།། དེ་ལ
228b5 འདོད་ཆགས་ནི་བདག་ཉིད་ལས་བྱུང་བའི་ཆོས་ལ། བདག་ཉིད་དུས་དང་རྣམ་པ་མེད་པར་སྤྱོད་པར་འདོད་དོ།། ཆགས་པ་ནི་འདོད་པའི་དབང་དུ་གྱུར་པའོ།། དེལ་བདག་ཉིད་ལས་བྱུང་བའི་ཆོས་ནཱི། གཟུགས་དང་། ཝ་དང་། དྲི་དང་། རོད་།
228b6 རེག་བྱའོ།། དེ་དག་ཇི་ལྟར་འདོད་ཅེ་ན། ཐམས་ཅད་བདག་ཉིད་དུ་གྱུར་པར་འདོད་ཅིང་འདོད་པ་ལ་ཆགས་པའོ།། ཞེ་སྡང་ནི་བདག་ཉིད་ལ་ཡེ་ནས་གསང་བའི་ཆོས་ཐམས་ཅད་འབྱུང་བའི་ངོ་བོ་ཉིད་དུ་གྱུར་པའོ།། སྤངས་ཀྱང་མི་སྤངས་བཀྲུས་ཀྱང་མི
228b7 འདག་པའི་ཆོས་ཉིད་དུ་གྱུར་པ། འདོད་ཆགས་སྤོང་བ་ལ་ཞེ་སྡང་པོ་དང་། ཞེ་སྡང་སྤོང་བ་ལ་ཞེ་སྡང་བ་དང་། གཏི་མུག་སྤོང་བ་ལ་ཞེ་སྡང་བ་དང་། ང་རྒྱལ་སྤོང་བ་ལ་ཞེ་སྡང་བ་དང་། ཕྲག་དགེ་སྤོང་བ་ལ་ཞེ་སྡང་བའོ།། གཏི་མུག་ནི་བདག་ཏེ




iiif viewer powered by OpenSeadragon

228a - 229a

Texts on this page

Gdg025.20 - bde ba chen po byang chub kyi sems rmad du byung ba'i le'u