e-texts navigator
Collection
Volume
Page
Wylie

227b1 ཐམས་ཅད་ང་ལས་བྱུང་བ་ཡིན།། ཞེས་བཀའཕྲུལ་ཏོ།། གས་པ་ཞལ་གྱིས་བྱ་ཞེས་པ་གསང་བའི་ལེ་སྩལ་པ་ལ།། འའུ་དེས་བྱ་ཟབ་ས་ན་རྒྱད་ཏུ། གཤེ་མེ་པ་རློམསས་སྤྱད་དོ།། བཀྲུས་པ་ག། དན
227b2 ནམ་མཁའ་བཞིན།། སྐྱེ་དང་བྲལ་བའི་བྱང་ཆུབ་ལ།། བྱང་ཆུབ་འབྲས་བུ་ཡོངས་ཀྱིས་མེད།། རྨད་བྱུང་བྱང་ཆུབ་སེམས་འདི་ནི།། རང་གི་རིག་པ་ཡེ་ཤེས་ཆེན་པོས་མཁྱེན་ནས། རོལ་པའི་ཐབས་ཆེན་པོ་རག་སྐྱེངས་སངས་རྒྱས་སོ།།
227b3 བྱང་ཆུབ་སེམས་འཕྲུལ་ཆེན་པོའི་བསྟན་པ་འདི་ལ་དོན་རྣམ་པ་ལྔ་སྟེ། བྱང་ཆུབ་སེམས་རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་སྟེ། བྱང་ཆུབ་སེམས་རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང་། བྱང་ཆུབ་སེམས་རོལ་པ་ཆེན་པོའི་ཆོ་འཕྲུལ་རྨད་དུ་བྱུང་བ་དང་།
227b4 ཡོངས་སུ་བསྟན་པའི་ཆོ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང་། བྱང་ཆུབས་སྒྲ་གསང་བ་རྨད་དུ་བྱུང་བའི་ཆོས་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྨེད་དུ་བྱུང་བ་དང་། བྱང་ཆུབ་སེམས་གསང་བ་ཆེན་པོའི་རྒྱུད་གསང་བའི་ཆོ་འཕྲུལ་ཆེན་པོ་མངོན་པར་བསྟན་པའི་ཆོས་མེད་དུ་བྱུང
227b5 བའོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། འཕྲུལ་ཆེན་པོ་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། ལེའུ་འདི་ལས་བྱང་ཆུབ་སེམས་གསང་བ་ཉིད་བསྟན་པ་བྱང་ཆུབ་ཀྱི་སེམས་གསང་བ་རྨད་དུ་བྱུང་བས་འཕྲུལ་ཆེན་པོ་འདི་ནི་སུ་གསུ
227b6 ཐུགས་ཉིད་དུ་གྱུར་པ་ཡིན་ཏེ། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་བཤད་པ་མ་ཡིན་ནོ།། ཀྱེ་སེམས་དཔའ་ཆེན་པོ། སྦྱང་ལ་མི་གནས་པ་རྣམས་ནི་དུགས་གསྡང་བ་ཆེན་པོ་རྨད་དུ་བྱུང་བའོ།། ཡང་དག་སངས་རྒྱས་ལཱམ་རིག་ནས། ནམ་མཁའ་ལྟར་ཆ
227b7 པ་མེད་པར་ཀུན་ཏུ་ཁྱབ་པར་རང་ལ་འདུས་པ་ནི། བྱང་ཆུབ་ཀྱི་སེམས་ཅད་དུ་བྱུང་བ་ཉིད་དོ།། ཀྱེ་སེམས་དཔའ་ཆེན་པོ། བཀོད་པ་མེད་པར་ཀུན་ལ་མངོན་པར་སྣང་བ་ནི། སྐུ་རྨད་དུ་བྱུང་བའི་དཀྱིལ་འཁོར་ཡིན་ནོ།། རང་རིག་པ་ལས་བྱུང་བའི་ཆོས་རྣམས་ནི་གང




iiif viewer powered by OpenSeadragon

227a - 228a

Texts on this page

Gdg025.20 - bde ba chen po byang chub kyi sems rmad du byung ba'i le'u