| | e-texts navigator
|
225b1 ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་པར་སྣང་བར་བྱས་ནས། དེ་དག་ཐམས་ཅད་བཅོམ་ལྡན་འདས་ཉིད་མི་སྐྲགསུང་ཐུགས་སུ་བསྡུས་སོ།། དེ་ནས་རྡོ་རྗེ་སེམས་དཔས་འདི་སུད་ཅེས་གསོལ་ཏོ།། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས།། སངས་རྒྱ་བདོད་དུ་མ་ད
225b2 པ་ཡིས།། ཐུགས་ཀྱི་སྒྲོན་མའི་དོན་བསྟན་པ།། གང་བློ་ཐེ་ཚོམ་ཟ་བ་དང་།། གང་ཞིག་འགལ་བ་ཡིད་སེམས་དཔའ།། འཇིགས་པ་ཐམས་ཅད་དེ་ལ་འོང་།། མགོ་ནི་ཚལ་བ་བདུན་དུ་འགས།། རྡོ་རྗེ་སེམས་དཔའ་ཉིད་ཀྱང་སྡང་།། སྔགས་འཆ
225b3 རྣམས་ཀྱིས་སྤངས་པར་འགྱུར།། སྔགས་རྣམས་ཐམས་ཅད་གསང་བ་ཡི། ལྟ་བ་མད་དུ་བྱུང་བའི་དོན།། རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱིས།། སྔོན་ཆད་རྟོགས་པར་མ་གྱུར་པ།། ཐུགས་ཀྱི་སྒྲོན་མའི་དོན་བསྟན་པ།། གང་ལ་སངས
225b4 རྒྱས་གུས་མཛད་པ།། དོན་ལ་དེ་ནི་ཕྱག་འཚལ་ལོ།། སངས་རྒྱས་ཀུན་ལ་བརྩེ་དགོངས་ནས།། གང་གི་དོན་དུ་མཛད་པ་ཡི།། དོན་མཛད་དེ་ལ་ཕྱག་འཚལ་ལོ།། གང་གི་དོན་དུ་བྱས་པོ་འདོན།། དེ་དག་བདགྲ་ལ་འགྲུབ་གྱུར་ཅིག། གཞལ་ལས་མེ་འོད
225b5 འབར་བ་ལྟར།། དོན་དེ་བད་གིས་རེག་གྱུར་ན།། སངས་རྒྱས་ཀུན་དང་ཞལ་བ་མཉམ།། སངས་རྒྱས་ཀུན་པས་རྒྱས་གྱུར་ཅིག། དྲས་གསུམ་རྣལ་འབྱོར་གང་དགྲ་གིས།། སྐལ་ལྡན་གང་ཞིག་འབྱུང་བ་ཡི།། དོན་དུ་བདག་གིས་བཤད་པར་འཚལ།
225b6 རྨང་བྱུང་བྱང་ཆུབ་དོན་རྟོགས་ནས།། རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་།། རྡོ་རྗེ་གདན་ལ་ཡང་སངས་རྒྱས།། རྨད་བྱུང་བྱང་ཆུབ་སེམས་འདི་ནི།། ཀུན་གྱིས་རིག་པ་མ་བྱིན་ནོ།། ལྷ་རྣམས་ཀུན་གྱིས་མི་རིག་གོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་།
225b7 འདི་ནི་རིག་པར་དཀའ་བའོ།། བདེ་གཤེགས་རྣམས་ཀྱིས་སྔོན་མ་རིག། ཅེས་གསུངས་སོ།། སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་སྒོམ་པའི་མཆོག། ཆོ་བོ་ཉིད་ནི་དམིགས་སུ་མེད།། ང་ཡི་ལུས་སུ་སུ་སྦྱོང་བ།། བྱང་ཆུབ་མེད་ཅིང་སྒོམ་པའང་མེད།
iiif viewer powered by OpenSeadragon
225a - 226a