e-texts navigator
Collection
Volume
Page
Wylie

225a1 རྫུ། ས་མགས་པ་དུན་གས་ན། མ་བྱ་འདས་ག་། ད་དྲུ
225a2 ལྡན་རྣམས་ཀྱི་དོན་དུ་གསུངས།། གཞན་གྱི་དོན་དུས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཅད་བྱུང་བ་ལསུ་ཆོས་ཀྱི་གླེང་གཞིའི་ལེའུ་སྐྱེ་ང་པོར། དེ་ནས་བཅོམ་ལྡན་འདས་ཆོག་མིན་མི་གནས་སྙིང་པོ་བྱུང་རྒྱ་ནི་བཞུག་པ་པ་སྟེ།
225a3 སེམས་དཔའ་ལག་ཟིགས་ནས། ཆོས་མེད་དུ་བྱུང་བའི་བྱང་ཆུབ་ཀྱི་སེམས་མང་དུ་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས
225a4 མཐའ་ཡས་མུ་མེད་པ་འདི་དག་ཐམས་ཅད། བདེ་བར་གཤེགས་པ་ཐམས་ཅད་དོན་གཅིག་པ་སྟེ། བདག་ཉིད་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས་འབྱུང་ཞིང་། དེ་དག་ཐམས་ཅད་དེ་ལས་སྐྱེས་པ་དང་། དེ་ལས་བྱུང་བའི་དཀྱིལ་འཁོར་རྨད་དུ་བྱུང་བའི
225a5 དཀྱིལ་འཁོར་ཡིན་པའི་དོན་ཐུགས་སུ་ཆུད་པའི་དོན། རྡོ་རྗེ་སེམས་དཔས་རིག་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་གཟིགས་ཏེ། ཡིད་ཀྱི་དཀྱིལ་འཁོར་སྒོ་ཕྱེད་ནས། རང་གི་རིག་པའི་དོན་གསལ་བར་གྱུང་སྟེ། ཐམས་ཅད་ཀྱི་དོན་ཇི་ལྟའུ་ཡིན་པ་སོ་སོར་སྣང
225a6 བས་གསལ་བར་བྱས་ནས། རྡོ་རྗེ་སེམས་དཔའ་ཉིད་དང་། བདེ་བར་གཤེགས་པ་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་བྱང་ཆུབ་ཀྱི་སེམས་ཅད་དུ་བྱུང་བ་འདི་ཉིད་ཡིན་པ་དང་། བྱང་ཆུབ་ཀྱི་སེམས
225a7 རྨད་དུ་བྱུང་བ་ལས་བསྐྱེད་པའི་དཀྱིལ་འཁོར། སྲུ་མ་དུ་བྱུང་བ་སྤུའི་དཀྱིལ་འཁོར་གསང་བ་ཟད་དུ་བྱུང་བ་དང་། གསུང་མ་ད་བྱུང་བ་གསུང་གི་དཀྱིལ་འཁོར་གསང་བ་རྨ་དང་བྱུང་བ་དང་། ཐུགས་ཅད་དུབྱུང་བ་ཐུགས་ཀྱི་དཀྱིལ་འཁོར་གསང་བ་རྨང་དུ་ཕྱུང་བ་དང་། ཟོས།




iiif viewer powered by OpenSeadragon

224b - 225b

Texts on this page

Gdg025.20 - bde ba chen po byang chub kyi sems rmad du byung ba'i le'u