e-texts navigator
Collection
Volume
Page
Wylie

220a1 རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད།། མ་བཙལ་ཇི་བཞིན་དང་དུམ་བཅོས་ཡིན།། བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན།། ཆེ་བ་འདོད་ནས་རྩོལ་སྒྲུབསྣོལ་བྱེད་པ།། སྒོམ་སླབ་བཙལ་བས་ཆེ་བདེ་མི་འགྲབ
220a2 ཆེ་བ་རང་བྱུང་ཡེ་ཤེས་ཡེ་ནས་ཆེ།། བསྒོམས་ན་སངས་རྒྱས་དགོངས་པ་འཆོས་པ་ཡིན།། སངས་རྒྱས་དགོངས་པ་གང་ཞིག་འཆོས་བྱེད་པ།། དེ་ཡིས་སངས་རྒྱས་ཐམས་ཅད་སྤངས་པ་ཡིན།། དེ་ཡིས་རང་གི་བྱང་ཆུབ་སེམས་སྤངས་པས།། རང་གི
220a3 བཞིན་བསྐལ་པར་ཕྲད་མི་འགྱུར།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་ཕྲིནཱ་ལས་བཙལ་དུ་མེད་པའི་ལེའུ་སྟེ་བརྒྱད་པའོ།། ། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་པདེ
220a4 ཆེན་ཀུན་བཟང་པོ།། ས་ཡི་རང་བཞིན་བསྟན་དུ་གསོལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ངལ་འདུས་པའི་འཁོར།། ཀུན་ཏུ་བཟང་པོ་ངཡིས།། ཀུན་གྱི་བྱང་ཆུབ་སྙིང་པོར་གནས།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། ཆོས
220a5 དབྱིངས་ཀྱི་ཕོ་བྲང་སྟེ།། དུས་གསུམ་སངས་རྒྱས་ཐམས་ཅད་དང་།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན།། ཀློང་ཆེན་སེམས་ཀྱི་གནས་དེ་ན།། མི་གནས་པ་ནི་གང་ཡང་མེད།། ཀུན་གྱི་གནས་ད་ས་ཡིན་ཏེ།། འདུ་འབྲལ་མེད་པར་དེ་ན་བཞུགས།།
220a6 སྤང་ཞིང་བགྲོད་མི་དགོས།། དེ་ལ་སྤང་ཞིང་བགྲོད་གྱུར་ན།། དང་སེམས་དེ་ལ་འཆོས་པ་སྟེ།། བཅོས་པས་རང་སེམས་འབྱོངས་མི་འགྱུར།། དེ་ནི་སྤྱིས་ཀུན་གྱི་གནས།། ང་ལས་བྱུང་བའི་སྐུ་གསུམ་གྱིས།། རྒྱུ་འབྲས་འདབ་པའི་འཁོར་རྣམས་ལ།། ས
220a7 མདོ་རྣམ་པ་གསུམ་བསྟན་ཏེ།། བསྐྱེད་པའི་ས་དང་སྤྱོད་པའི་ས།། བསླབ་པའི་ས་དང་གསུམ་བསྟན་ཏེ།། བསྐྱེད་པའི་ས་རུ་བྱང་ཆུབ་སེམས་བསྐྱེད་དེ།། ཆོས་དབྱིངས་ནམ་མཁའ་བྱང་ཆུབ་སེམས་མེད་ཅིང་།། དགེ་སྡིག་ལས་ལ་དྲང་བ་དབང་བསྐུར་བས།། །




iiif viewer powered by OpenSeadragon

219b - 220b

Texts on this page

Gdg025.19 - rdo rje sems dpa' nam mkha' che bram ze rgyas pa'i rgyud