| | e-texts navigator
|
21a1 །། རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅི།། སེམས་ཅན་ཐམས་ཅད་ལ་རང་གི་སྙིང་གི་དཀྱིལ་ནས་སྟོང་པ་རིག་པ་སྙིང་པོ་ཅན་དུ་གནས་སོ།། ཏིག་པ་འོད་ཀྱི་ཁང་པ་ན་འོད་མཐའ་མེད་པའི་ཡུལ་ཅན་དུ་གནས་སོ།། ཞེས་གསུངས་སོ།། དེ་ནས་ཡང་གསུངས་པ་གསང་པའི་བདག
21a2 རྒྱས་ཀྱི་འཆར་ལུགས་གསུམ་ཉོན་ཅིག། སངས་རྒྱས་ཀྱི་མེ་ལོང་ལ་བལྟས་པས། སངས་རྒྱས་ཀྱི་ཞིང་ཁམས་འཆར་རོ།། རང་གི་རིག་པ་ལ་བལྟས་པས།། རྟགས་འཕྲལ་ལ་འཆར་རོ།། རང་གི་རིག་པ་ལམ་ལངས་པ་དང་ལུས་འོད་ལྔ་ལས། ཉམས་སུ་བླངས་པས་དག་སྡང་སྤྲུག་པར་འཆར་རོ།། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང
21a3 པའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་སངས་རྒྱས་ཀྱི་གྲོལ་བ་གསུམ་དུ་གསུང་དུ་གསོལ། ཅེས་བྱས་སོ།། སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། རང་འཆི་བའི་དུས་སུ་དག་སྣང་ངོ་ཤེས་པས་འཁྲུལ་སྣང་དག་སྣང་དུ་གྲོལ་ཏེ། ཤ་ཁྲག་གི་ལུས་རིན་པོ་ཆེ་འོད་འབར་བའི་སྐུར་གྲོལའོ།། སེམས
21a4 རྟོགས་བཅས་ཡེ་ཤེས་མི་རྟོག་པར་གྲོལ་ལོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་སངས་རྒྱས་ཀྱི་དགོངས་པ་གསུམ་གསུང་དུ་གསོལ། ཞེས་ཞུས་སོ།། དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིང་།། སྣང་བར་དེ་ལོག་འོང
21a5 བས་བག་ཆ་ག་སྤྱད་མི་དགོས། ཡེ་ཤེས་ཚང་ཁབ་ཏུ་འོང་བས་ཆེད་དུ་བསྒོམ་མི་དགོས་སོ།། རང་གི་རིག་པ་ལ་སྐྱེ་ཤི་མེད་པས་འཁོར་བའི་སྡུག་བསྔལ་མི་དགོས། ཞེས་བཀའ་སྩལ་ཏོ།། མ་སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། སངས་རྒྱས་དངོས་སུ་བསྟན་པའི་ལེའུ་སྟེ་དང་པོའོ།། དེ་ནས་ཡང་གསང་བའི་བདག་པོས་འདི
21a6 སྐད་ཅེས་ཞུས་སོ།། ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་། ཆོས་ཐམས་ཅད་ཀྱི་རྩ་བ་གདམས་ངག་ལ་འདུས། གདམས་ངག་ཐམས་ཅད་ཀྱི་དམར་ཐག་གར་གཅད་ཅེས་ཞུས་སོ།། དེ་ནས་ཡང་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། རང་འཆི་བའི་ཚེ། དྲོད་རྐང་པའི་མཐིལ་ནས།
21a7 ཡལ། སྐྱེ་བོ་ཚངས་པའི་བྱ་གནས་ཡང་འཐོན། སེམས་གློ་བའི་ནང་ནས་འཐོན་ནས་དབུགས་སྣ་སྒོར་ཆད། སངས་རྒྱས་སྙིང་གི་ནང་ནས་བྱོན་ནས་མིག་ནས་ཕར་ལ་དོན་པའི་དུས་སུ། སྣང་བ་ཐམས་ཅད་འོད་དུ་འཆར་ཏེ། ཤར་བ་དེ་རང་གིས་སངས་རྒྱས་སུ་ངོ་ཤེས་པས་རང་འོད་དང་སྦ་ལ་ཐི་མ་ནས་སངས་རྒྱབས།། གདམས
iiif viewer powered by OpenSeadragon
20b - 21b