| | e-texts navigator
|
219b1 པའི་རྒྱུད་ལས་དམ་ཚིག་བསྐྱང་དུ་མེད་པའི་ལེའུ་སྟེ་བདུན་པའོ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་པདེ་ཆེན་ཀུན་བཟང་པོ།། ཉིད་ཀྱི་ཕྲིན་ལས་བཤད་དུ་གསོལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ལ།
219b2 འདུས་པའི་འཁོར།། རྫོགས་ཆེན་ཆུ་འབྲས་ཡ་ནས་འདས་པའི་ཕྱིར།། བཙལ་ཞིང་བསྒྲུབས་པས་བྱུར་མེད་གྲུབ་པ་མེད།། དོན་དེ་རྟོགས་པས་ལས་རྣམས་མི་བྱེད་དེ།། ལས་མ་བྱས་པས་དེ་བཞིན་ཉིད་དུ་གནས།། དེ་བཞིན་ཉིད་ལྔ་གང་ཞིག་སུ་གྲནས་@
219b3 དེ་ཡིས་མ་ནོར་མ་བཅོས་གྲུབ་པར་འགྱུར།། དེ་ནི་མ་ནོར་བཞིན་ནི་མ་བཅོས་ཡིན།། བཞི་ནི་ནི་མ་ནོར་ངོ་བོ་ཉིད་ལ་བྱ།། དེ་བཞིན་ཉིད་ལས་སངས་རྒྱས་བཅོས་མེད་དོ།། བྱང་ཆུབ་སེམས་ལ་སྐྱེས་མེད་པའི་ཕྱིར།། སེམས་ལ་ཡེ་ནས་རྒྱུ་མེད་འབྲས་བུ་མེད།། འཇིག
219b4 རྟེན་སྐྱེ་བའི་ཆོས་ལ་དཔེ་བླངས་ནས།། སྐྱེ་ལ་འཇིག་པ་འབྱུང་བ་སྒོ་མི་གདགས།། རང་བྱུང་རྒྱུ་འབྲས་འདས་པ་མ་བརྟགས་པར།། འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས།། རྒྱལ་བཙལ་ནས་འབྲས་བུ་འབྱུང་ཟེར་བ།། དེ་ནི་རྒྱུ་འབྲས་ཐེག་པ
219b5 དྲང་ལུང་ཡིན།། ཡེ་ཤེས་ཡེ་ཤེས་ཞེས་སུ་བསྟན་པ་ནི།། རང་བྱུང་ཡེ་ཤེས་མ་འགགས་ཀུན་དང་མཚུངས།། རྒྱུ་ལས་མ་བྱུང་མཚུངས་མེད་ཡེ་ཤེས་ཏེ།། ཐམས་ཅད་སྐྱེས་པས་གཞན་ནས་ཆོས་འབྱུང་མེད།། འཇིག་རྟེན་རྒྱུ་འབྲས་ཆོས་ལ་ཚོད་བཟུགས་ནས།།
219b6 བཙལ་བས་མེད་པར་འབྲས་བུ་འབྱུང་མི་འགྱུར།། བྱང་ཆུབ་སེམས་ལ་ཆུ་རྐྱེན་ཡང་མི་སྟེ།། འཇིག་རྟེན་སྐྱེ་འག་གི་ཆོས་ལ་ཚོད་མི་འཛག། བྱང་ཆུབ་སེམས་ནི་རྐྱེན་གྱིས་མ་བསྐྱེད་པས།། འཇིག་རྟེན་རྐྱེན་བསྐྱེད་ཆོས་ལ་དཔེ་མི་ལེན།། སེམས་ཀྱི་ཏིང་འཛི།
219b7 བསྒོམ་པ་མ་བྱེད་ཅིག། ཡེ་ཤེས་ཡུལ་ལ་རྟོག་པར་མ་བྱེད་ཅིག། ངག་གིས་འང་བ་དང་སྙིང་པོ་བཟླ་མི་དགོས།། ལག་གིས་འདུ་བྱད་ཕྱག་རྒྱ་བཅའ་མི་དགོས།། སེམས་ཀྱི་འདུ་འགྲོ་ཏིང་འཛིན་ལས་མི་བྱེད།། རང་ལ་གནས་པས་གཡོ་མེད་ལྷུན་གྱིས་ལུབ
iiif viewer powered by OpenSeadragon
219a - 220a