| | e-texts navigator
|
213b1 བསམས་ཤིང་བསྒོམས་པའི་ཆོས་ལ་རེ་མ་འཇོག། ཆོས་རྣམས་ཀུན་གྱི་ཟག་ནི་བྱང་ཆུབ་སེམས་སུ་བཅད།། མ་བལྟས་མ་བསྒོམས་བསམ་ང་མེད་པས་ཟག་ཆོད་ན།། དེ་ལ་རང་བྱུང་ཡེ་ཤེས་ཤར་བས་ཟག་དེར་བཅད།། ཆོས་མུ་དཔ་གང
213b2 པར་སེམས་དཔས་བློ་ཟག་ཆོད།། འདོད་ལོན་ལོངས་སུ་ཡིན་པར་སེམས་དཔས་བློ་ཐབ་ཆོད།། སེམས་སྤྲུལ་སྨྲ་ཡིན་པར་སེམས་དཔས་བློ་ཟག་ཆོད།། སྣང་བ་རང་སེམས་ཡིན་པར་སེམས་དཔས་བློ་ཟག་ཆོད།། སེམས་ལ་གཉིས་སུ་མེད
213b3 པ་བག་ཆགས་སྤང་དུ་མེད།། ཡུལ་མེད་རང་གསལ་ཡིན་པར་སེམས་དཔས་བློ་ཟག་ཆོད།། ཐིག་ལེ་ཉག་གཅིག་སེམས་ཀྱི་རང་བཞིན་ལེན་མོད་བྱུང་།། ཉག་གཅིག་ཅིར་ཡང་འབྱུང་བས་སྤང་དང་བསྲུབ་མི་བྱེད།། ཀུན་ཀྱང་ཡོན་ཏན་མཉམ་པར
213b4 སེམས་དཔས་བློ་ཟག་ཆོད།། ད་ལྟར་སྣང་བའི་སྐུ་ལུས་འདི་ཀུན་སེམས་དཔས་ཇི་ལྟར་དགོངས།། འབྱུང་བའི་ཆོ་འཕྲུལ་ཙམ་དུ་སེམས་དཔས་དགོངས་མཛོད་ལ།། སེམས་ནི་བླ་མོད་ནམ་མཁའ་ལྟ་བུར་བློ་ཟག་ཆོད།། ཀྱེ་སེམས་དཔའ་ཆེན་པོ
213b5 དེ་དགོངས་ཤིག། རྩ་རྒྱད་ལེའུ་ལྔ་བཅུ་རྩ་བདུན་གསུངས་པ་ཡང་།། རང་བྱུང་ཡེ་ཤེས་ཚིག་ཏུ་བསྟན་པའི་མདོ་ལུང་ཡིན།། སེམས་ལས་རང་བྱུང་ཡེ་ཤེས་གཅིག་ཏུ་ལ་ཟློས་ཤིག། གྱི་མ་ལེའུ་བཅུ་དང་གཉིས་སུ་གསུངས་པ་ཡང་།། རང
213b6 བྱུང་ཡེ་ཤེས་བསམ་པས་བརྟགས་པ་ཡིན།། དེ་ཡང་རང་བྱུང་གཅིག་ཏུ་སེམས་དཔས་ལ་ཟློས་ཤིག། ཕྱི་མའི་ཕྱི་མ་ལེའུ་བཅུ་དང་ལྔ་རུ་གསུངས་པ་ཡང་།། རང་བྱུང་ཡེ་ཤེས་རྣལ་དུ་འཇོག་པར་དགོངས་པ་ཡིན།། སེམས་དཔའ་རང་བྱུང
213b7 ཡེ་ཤེས་གཅིག་ཏུ་ལ་ཀློས་ཤིག། ཟོས་པས་སྟོན་པའི་སྡེ་མིག་དང་།། བསམས་པས་གྲོལ་བའི་ལྡེ་མིག་དང་།། བསྒོམས་པས་འབྱིན་པའི་ལྡེ་མིག་གིས།། ངེས་པར་གཏན་ལ་ཕབ་པས་ནི།། སེམས་དཔས་ལེགས་པར་ཐག་ཆོད་ཅིག
iiif viewer powered by OpenSeadragon
213a - 214a