e-texts navigator
Collection
Volume
Page
Wylie

212b1 ནས་སྣང་སྲིད་ཁ་ལོ་སྒྱུར་བར་བྱེད།། བསྒྱུར་ཡང་བདག་འཛིན་མི་གནས་རྒྱལ་གྱི་འཆར་ལུགས་ཡིན།། དེ་ནི་ཀུན་བཟང་སྐུ་ཡི་ངོ་བོར་ལ་བཟླ་ཡིན།། མ་བུ་དབྱེར་མེད་ཀུན་ལ་གནས་པ་ཡིན།། དཔེ་ནི་ཉི་ཟླ་ཁ་སྦྱོར་དགོངས་པས་བསྟན་པ་ཡིན།། ཉི་མས
212b2 ལ་ཟླ་བ་བུ་ཡི་ཚུལ་དུ་བྱུང་བ་ཡིན།། དེ་བཞིན་སྐྱེ་མེད་མ་ལ་ཡེ་ཤེས་བྱ་ཡི་ཚུལ་དུ་བསྟན་པ་ཡིན།། སྐྱེ་མེད་ཉི་མའི་ཀློང་དུ་ཟླ་བ་ལྟ་བུའི་ཡེ་ཤེས་ཟིལ་གྱིས་མནན།། ཉི་མ་ཕྱེ་ན་ཟླ་བ་གསལ་དང་མི་གསལ་ཅིས་གདང་མེདོ།། སྐྱེ་མེད་དབྱིངས་ན་གནས་པ
212b3 རྟོགས་དང་མ་རྟོགས་མེད།། ཟླ་བ་གསལ་ལ་ཉི་མ་ཉེ་བ་མ་ཡིན་དེ་དགོངས་སམ།། འདུ་ཤེས་གསལ་ལ་སྐྱེ་མེད་ཉེ་བ་མ་ཡིན་རིང་།། སྐྱེ་མེད་ཡེ་ཤེས་ཉིད་ཀྱིས་ཡེ་ཤེས་རྒྱང་དུ་འཕང་།། འདུ་ཤེས་དྲན་པའི་ཆོས་ལ་དགོངས་པ་མ་ལེན་ཞིག། འདུ་བྱེད་པ
212b4 ཡི་ཆོས་ལ་འདུ་ཤེས་མ་འཇུག་ཅིང་།། བྱང་ཆུབ་སེམས་ཀྱི་རོལ་མྱོང་བར་མ་བྱེད་ཅིག། དམིགས་སུ་མེད་པའི་ཆོས་ལ་དམིགས་པ་མ་འཇུག་ཅིག། བླ་དགས་ཙམ་གྱི་ཆོས་ལ་རྩོལ་བས་མ་བསྒྲུབས་ཤིང་།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཆེན་པོ་ལ།། །
212b5 ངེས་མེད་རྩོལ་བྲལ་སྔོན་ནས་ཀུན་ལ་ཁྱབ་པར་ཤར།། ང་ལུང་ཟོས་པས་ངེས་མེད་དགོངས་པ་ད་ལྟ་ཤར།། ཕུང་པོ་བོར་བས་ཞི་བ་མཆོག་ལ་ཕྱིན་པར་འགྱུར།། ལྟ་བ་ཁྱད་ཆེན་ལྡིངས་པའི་དགོངས་པ་ལ་བཟའ་བའི་ལེའུ་སྟེ་དགུ་པའོ།། །
212b6 བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོས། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་འདི་གསུངས་སོ།། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་སུ་བསྟན་པ་ཡང་།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་བྱུང་བ་ཡིན།། གཟུགས་མེད།།
212b7 ཁམས་ལ་གཟུང་དུ་མ་མཆིས་ངོ་བོས་སྟོང་།། འཛིན་མེད་ཆོས་ཀྱི་ཕུ་རུ་ཡེ་ནས་བཞུགས་པ་ཡིན།། འདོད་པའི་ཁམས་ནི་ལོངས་སྤྱོད་སྲུ་རུ་བཞུགས་པ་ཡིན།། ཉིད་ཀྱིས་ཉིད་ལ་ལོངས་སྤྱོད་སེམས་དཔས་དགོངས་ལགས་སམ།། སེམས་ཀྱི




iiif viewer powered by OpenSeadragon

212a - 213a

Texts on this page

Gdg025.15 - la zlo gsang ba'i 'khor lo zhes bya ba'i rgyud