e-texts navigator
Collection
Volume
Page
Wylie

211b1 བརྒྱད་ཆུ་བྲན་ཐམས་ཅད་འབྱུང་བ་ཡང་།། རྒྱ་མཚོ་ཉིད་ལས་བྱུང་ཞིང་རྒྱ་མཚོ་ཉིད་དུ་འདུ་བ་ལྟར།། བརྒྱ་ཁྲི་བཞི་སྟོང་ཆོས་རྣམས་ཐམས་ཅད་འབྱུང་བ་ཡང་།། ཆོས་ཉིད་དབྱིངས་ལས་བྱུང་ཞིང་ཆོས་ཉིད་དབྱིངས་སུ་གཅིག། རྒྱ་མཚོའི་འཇིང་ལ་གཙོ་འགུལ་ཡེ་ནས་མེད་པ་པ
211b2 འ་དོན་ས་དུསྔ་གསུ་མ་འབ་དང་འབྱུང་བ་མེད། ཝ་དང་རླབས་ལ་དགག་པ་མེ་པ་བཞིན།། སྦྱིན་དང་ཡི་ཏན་འི་གག་ཅི་ཡང་འཆར་བང་ངས། གང་ཡང་གྱི་མེད་བྱེད་སཱ་ལས་མང་དས་དགངས་མཛང་ལ།། རྟོགས་སེམས་རྟན་བྱ་ལེགས་པར་གྱུ
211b3 ག། ཀྱེ་མ་འཁོར་དང་མྱང་འདས་དབྱེར་མེད་དབྱིངས་སུ་སྟོར།། སྟང་སྟོང་དབྱེརྡ་མེད་རྩ་བྲལ་ཕྱོགས་ལས་འདས་པ་ཡིན།། སྲོག་དང་མ་བྲལ་འབྱུང་བ་རང་རང་རང་ས་འཛིན།། སྐྱེ་མེད་བྱང་ཆུབ་སེམས་ལ་དམིགས་པ་ཉིད་དང་དྲལ།། ཞེ་འདིད་དོགས་མཐང་ན་ངེས་པ
211b4 མེད་པར་གྲོལ།། སེམས་ནན་ཉིད་ནི་ཡེ་ནས་སངས་ནས་དགོངས་པ་འཛིན།། ཆོས་ཉིད་བྱང་ཆུབ་སེམས་ནི་རང་བཞིན་གྱི་མེད་དེ།། འབྱུང་བ་ལྡི་གྲོལ་བས་པར་དྲོའི་འདུ་ཤེས་བྲལ།། ཟློག་གཅིག་བྱང་ཆུབ་སེམས་ལ་ཀུན་ཀྱང་གནས་པ་ཡིན།། རང་བྱུང་ཡེ་ཤེས་རྟོགས
211b5 ལ་རིང་བ་ནམ་ཡང་མེད།། མ་རིག་འཁྲུལ་པ་རྣམས་ཀྱང་སྐྱེ་མེད་དབྱིངས་ལ་འབྱམས།། ཟུག་རྔུ་བྱུང་བ་ཆོས་ཉིད་རང་མཚོར།། མི་སྲིད་སྲིད་པར་ཤར་བ་སེམས་དཔས་ཇི་ལྟར་དགོངས།། ཆོས་ཉིད་དོན་གྱི་གནས་ལུགས་སྐྱེ་མེད་བདེ་ཆེན་དེ།། ཡོངས་ལ་རྫོགས་པར་ཤེས་ནས
211b6 སྨོན་པ་སུ་ལ་འབུལ།། རྒྱ་མཚོའི་ཆུ་ཡིས་ཚུལ་སྨོན་པ་མེད་པ་བཞིན།། བྱང་ཆུབ་སེམས་ཀྱིས་སེམས་ལ་སྨོན་དུ་མེད་པ་ཡིན།། སྨོན་པ་གཞན་དུ་འབུལ་ན་རང་གི་དོན་རྟོགས་མིན།། དེ་བཞིན་དོགས་པ་བྱེད་པའང་དེ་དང་མཚུངས་པ་ཡིན།། ཡུལ་ལྔ་དམིགས་པ
211b7 ན་རེ་དོགས་ནམ་ཡང་འབྱུང་།། སེམས་ཀྱི་རང་བཞིན་སྐྱེ་མེད་ཡིན་པར་དགོངས་ནས་ནི།། རོ་དོགས་དམིགས་པ་རྡུལ་ཙམ་མེད་པར་ཤི་བས་ཆོག། ཀུན་ཏུ་བཟང་པོའི་རང་བཞིན་ཉིད་དུ་དེ་འགྱུར་རོ།། བདག་དང་བཅས་པའི་ཡུལ་ལ་འཇུག་པའི་རྒྱུ་མ་མཆིས།། བདག




iiif viewer powered by OpenSeadragon

211a - 212a

Texts on this page

Gdg025.15 - la zlo gsang ba'i 'khor lo zhes bya ba'i rgyud