e-texts navigator
Collection
Volume
Page
Wylie

211a1 ནམ་ས་འ་ཕྲུལ་ནས་སམས་པ་མཆིས་པས།། གང་ལགྶ་ནས་སེམས་ས་དབང་པ་ང་།། མ་ས་གངས་པ་དངངས་ས་མེདཔ་།། ཀུན་དང་བ་དགོངས་པབླངས་པ་ཡོད།། གང་དགན་ཀུན་ང་བྲལ་བར་ད
211a2 དུས་གསུམ་སངས་རྒྱས་ཀུན་གྱི་ལྕེམ་དགོངས་ཡིན།། འཁོར་བ་སྐང་དུ་མེད་པའི་དགོངས་པ་ནི།། མྱང་འདས་གཞནན་མེད་པའི་ལྡེམ་དགོངས་ཡིན།། བྱང་ཆུབ་སྒྲུབ་ཏུ་མེད་པའི་དགོངས་པ་ནི།། སྐྱེ་མད་རང་ལ་གནས་པ་ལྡེམ་དགང་སུ་མིན།། རྗེན་སྣང་དགྲག་ཏུ་མྱེད་པ
211a3 དགོངས་པ་ནི།། དེ་ཉིད་དང་གྲོལ་ཡིན་པའི་ལྡེམ་དགོངས་ཡིན།། རྟོག་མེད་བསྒོམ་དུ་མེད་པའི་དགོངས་པ་ནི།། ཆོས་ཉིད་འདུ་འབྲལ་མེད་པའི་ལྟེ་བ་དགོངས་སོ།། ཚོགས་གཉིས་བསག་ཏུ་མེད་པའི་དགོངས་པ་ནི།། ཆོས་ཉིད་རྟ་རྐྱེན་མེད་པའི་ལྡེམ་དགོངས་སོ།།
211a4 ཡང་ངེས་པ་མེད་པའི་དགོངས་པ་ནི།། འཛིན་མེད་ཆོས་སྐུ་ཡིན་པའི་ལྡེམ་དགོངས་ཡིན།། ཀྱེ་སེམས་དཔའ་ཆེན་པོ་དེ་ཉོན་ཅིག། ངེས་མེད་ཕྱོགས་ལོག་དགོངས་པ་མ་ལོན་ན།། ཇི་ལྟར་བསྒོམས་ཀྱང་འཆིང་ལཱ་མ་བསྒོམས་ན་ཡང་འཆིང་།། ལྡེམ་དགོངས་བསྟན
211a5 ཡང་དགོངས་པ་ཞེ་བཞག་ན།། ལྡེམ་པོ་ཉིད་ཀྱིས་སེམས་དཔའ་འཆིང་བར་འགྱུར།། ཛི་མི་དགོངས་ཀྱི་རྟོགས་པ་མ་ཤར་ན།། འཁོར་བུའི་སྒྲོགས་ལས་གྲོལ་བར་མི་འགྱུར་རོ།། དགངས་པ་ནམ་མཁའ་ལྟར་ལ་བཟླ་བའི་ལེའུ་སྟེ་བདུན་པའོ།། ། བྱང་ཆུབ་ས།
211a6 དཔའ་ཀུན་བྱེད་རྒྱལ་པོས། རྒྱ་མཚོ་ལྟ་བུའི་དགོངས་པ་འདི་གསུངས་སོ།། ཀྱེ་སེམས་དཔའ་ཆེན་པོ་དེ་ཉོན་ཅིག། ཆོས་ཉིད་རྒྱ་མཚོ་ལྟ་བུར་གཏིང་དཔག་དཀའ་བའི་ཆོས།། སུས་ཀྱང་འདི་ལ་དགོངས་པ་རྡུལ་ཙམ་མེད་པ་སྟེ།། རྒྱ་མཚོ་ཆེན་པོའི་ཆུ་ལ་ཁ་གཏིང་ད
211a7 ཆུ་ཡོད་མོ་ཡིན།། དེ་བཞིན་ཐོས་ཉིད་བྱང་ཆུབ་སེམས་ལ་སྒོ་ཕྲག་མེད།། རྦ་དང་རླབས་དང་ཆུ་བུར་རྒྱ་མཚོ་ཆེན་པོར་གཅིག། དེ་བཞིན་འཁོར་དང་མྱང་འདས་རྟོག་དང་མི་ཏོག་ཡང་།། ཆོས་དབྱིངས་ཀློང་ན་དབྱེར་མེད་གཅིག་ཏུ་རྫོགས་པ་ཡིན།། ཕྱོགས་བཞི་མཚམས




iiif viewer powered by OpenSeadragon

210b - 211b

Texts on this page

Gdg025.15 - la zlo gsang ba'i 'khor lo zhes bya ba'i rgyud